中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཡུས་ཁྲིན་ཧུའེ་འཁོར་དང་བཅས་པ“མཛེས་སྡུག་གི་འབྲུག་ཆུ” འཛུགས་སྐྲུན་བྱ་བའི་གྲུབ་འབྲས་ལ་ལྟ་སྦྱོང་དུ་སོང་བ།
དུས་ཚོད།2021-01-11 16:21:18     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  \\
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 1པའི་ཚེས 5ཉིན་ནས་ཚེས 6ཉིན་གྱི་བར་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་འཁོར་དང་བཅས་པས་ཁུལ་ཡོངས་ཀྱི“མེད་པ་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་བྱ་བ་འགོ་ཚུགས་པའི་གྲོས་ཚོགས་མ་ཚོགས་སྔོན་དུ“མཛེས་སྡུག་གི་འབྲུག་ཆུ”འཛུགས་སྐྲུན་བྱ་བའི་གྲུབ་འབྲས་ལ་ལྟ་སྦྱོང་བྱས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཀྲ་ཤིས་འཚོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་བཅས་ལྟ་སྦྱོང་དུ་སོང་།
    ཚེས 5ཉིན་གྱི་དགོང་མོར། ལྟ་སྦྱོང་ཚོགས་པས་སྔ་གཞུག་ཏུ“མཛེས་ཤིང་ཡིད་དུ་འོང་བའི་འབྲུག་ཆུ། དུས་ཀྱི་གཞུར་རྒྱུན་ཁྲོད་ཀྱི་གྲོང་ཁྱེར”དང“མཛེས་སྡུག་གི་འབྲུག་ཆུ། ཡིད་འཕྲོག་གི་གྲོང་རྡལ”ཞེས་པའི་ཁྲོམ་སྲང་དང་འབྲུག་ཆུ་རྫོང་མཁར་རྙིང་གི་ལྷོ་སྒོ གྲོང་ཁྱེར་གྱི་ཟམ་ཆེན། ཧྥུན་ཏས་མཁར་གསར་གྱི་སྤྱི་གླིང་། གཙང་བོའི་འགྲམ་ངོགས་ཀྱི་ལམ་བུ་སོགས་སུ་སོང་ནས་མཛེས་སྡུག་གི་འབྲུག་ཆུ་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་ལ་ལྟ་སྦྱོང་བྱས།
    ཚེས 6ཉིན་གྱི་སྔ་དྲོར། ལྟ་སྦྱོང་ཚོགས་པ་འཁོར་དང་བཅས་པ་སྔ་གཞུག་ཏུ་ཏ་ཁྲོན་གྲོང་རྡལ་ཐོའུ་ཆའོ་ཙི་སྡེ་བ་དང་། འབྲུག་ཆུ་རྫོང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ། གླུ་རྩེད་གྲོང་རྡལ་ཇ་སྡེ་སྡེ་བ། ཆུ་བར་ཤང་ཀླུ་རི་སྡེ་བ། སྦྲ་རྫོང་གྲོང་རྡལ་མགོ་གཙང་སྐྱིད་པོ་སྡེ་བ་བཅས་སུ་སོང་ནས། མཛེས་སྡུག་གི་འབྲུག་ཆུ་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་ལ་ལྟ་སྦྱོང་བྱས།
    2020ལོའི་ཟླ 11པ་ནས་བཟུང་། འབྲུག་ཆུ་རྫོང་གིས་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བར་ཡུལ་དངོས་སུ་ལྟ་སྦྱོང་དང་སྐུལ་སྤེལ་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་ནན་མོ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་། “མཛེས་སྡུག་གི་འབྲུག་ཆུ”ཡི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་མགྱོགས་མྱུར་ངང་སྤེལ་ནས། འབྲུག་དཀར་གཙང་བོའི་ཡུལ་སྲོལ་གོམས་གཤིས་ཀྱི་ཆུ་ཚད་མཐོར་འདེགས་དང་ཁྱོན་ཡོངས་ནས“གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་དང་ཞིང་སྡེའི་རིག་གནས་ཡུལ་སྐོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། ཁོངས་ཡོངས་སུ་གད་སྙིགས་མེད་པ་དེ་ཚད་གཞི་སྔར་ལས་མཐོ་བ་དང་ཆུ་ཚད་སྔར་ལས་མཐོ་བ། ཁྱབ་ཁོངས་སྔར་ལས་རྒྱ་ཆེར་གཏོང་བར་སྐུལ་འདེད་བཏང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མིའི་སེམས་གཏིང་ལ་ཟུག་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ལ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་མཛེས་པ་དང་རང་བྱུང་མཛེས་པ། ཁོར་ཡུག་མཛེས་པ་བཅས་ཀྱི“ཁོངས་ཡོངས་མཛེས་སྡུག”གི་འབྲུག་ཆུ་གསར་བ་འཛུགས་སྐྲུན་བྱས།
    ཁུལ་ཡོངས་ཀྱི་ལས་ཁུངས་སུ་ཡོད་པའི་ས་གནས་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་སྲིད་ཀྱི་འགོ་ཁྲིད་པ་གཙོ་བོ། འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་ཆ་འཕྲིན། སྐྱེ་ཁམས་ཁོར་ཡུག སྡོད་ཁང་འཛུགས་སྐྲུན། ཞིང་ལས་ཞིང་སྡེ། ཚོང་རའི་ལྟ་སྐུལ་དོ་དམ། མཁོ་ཚོང་ཁང་སོགས་ཀྱི་འགན་ཁུར་བློ་མཐུན། ཤང་དང་གྲོང་རྡལ (སྲང་ལམ)སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་། ཤང་ཀྲང་། ཀྲིན་ཀྲང(ཀྲུའུ་རེན)བཅས་བསྡོམས་པས་མི 300ལྷག་ཐེངས་འདིའི་ལྟ་སྦྱོང་དུ་ཞུགས།།
(གསར་འགོད་པ། སྐལ་བཟང་རབ་བརྟན། བྲག་དཀར་ཚེ་རིང་།)
རྩོམ་སྒྲིག་པ།སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།