中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འབྲུག་ཆུ་སྔར་ལས་མཛེས་ཤིང་འཚོ་བ་སྔར་ལས་སྐྱིད།
དུས་ཚོད།2021-01-11 16:28:07     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་བའི་ལོ་འགར། འབྲུག་ཆུ་རྫོང་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ”དེ་སྐྱེ་ཁམས་འདུ་ཤེས་དང་། “མཛེས་སྡུག་གི་འབྲུག་ཆུའི”བྱ་སྤྱོད་དེ་གཙོ་དོན་དུ་བརྩིས་ཏེ་རྫོང་ཡོངས་ཀྱི་མཁར་གྲོང་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་ཇེ་མཐོར་བཏང་།
    ཁྱིམ་ཚང་རེ་རེར་བསྐྱོད་པ་དང་ཕྱོགས་བསྡུས་སྒྲིག་བཅོས། རྒྱུན་རྣམ་ཅན་གྱི་དོ་དམ་བཅས་བརྒྱུད་དེ་མང་ཚོགས་ཀྱི་ཁོར་ཡུག་གཙང་སྦྲའི་འདུ་ཤེས་དང་འཚོ་བའི་གོམས་སྲོལ་ངན་པ་གཙོ་གནད་ཐོག་འགྱུར་ལྡོག་བཏང་ཞིང་། མཁར་གྲོང་དང་ཞིང་སྡེའི་མིའི་འཚོ་སྡོད་ཀྱི་ཁོར་ཡུག་ཁྱོན་ཡོངས་ནས་སྒྲིག་བཅོས་བྱས་ཏེ། མང་ཚོགས་ལ་རང་རྟོགས་ངང་ཁོར་ཡུག་གཙང་སྦྲའི་བྱ་བ་བཟང་བོ་བསྒྲུབ་རྒྱུར་སྐུལ་ཁྲིད་བྱས།
    ཧྥུན་ཏས་མཁར་གསར་གྱི་སྡེ་མི་ལི་མིང་ལིའང་གིས“ལོ་འདི་དག་གི་རིང་ལ་སྡེ་ཁུལ་དུ་ཉིན་རྒྱུན་གཙང་སྦྲ་བྱེད་མཁན་ཡོད་ལ། གང་བྱུང་དུ་སྤུངས་པའི་གད་སྙིགས་དང་བཙོག་དངོས་ཅི་ཡང་མེད་པས་སྒོ་རའི་ནང་གཙང་ཞིང་གྲ་དག་ལ་བསྡད་ན་ཁམས་ཀྱང་དྭངས་ཤིང་། གྲོང་ཁྱེར་དང་ཞིང་སྡེའི་དོ་དམ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་གྲོང་ཁྱེར་དང་ཞིང་སྡེའི་རྣམ་པ་ཕྱི་ནང་གཉིས་ཀ་མཛེས་པར་གྱུར”ཅེས་བཤད།
    “མཛེས་སྡུག་གི་འབྲུག་ཆུའི”བྱ་སྤྱོད་ཁྲོད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་དམངས་སེམས་གཅིག་མཐུན་ཡོང་བར་བྱས་ཏེ། “རྡོ་ལ་རི་མོ་བརྐོས་པ”ལྟ་བུའི་ཆོད་སེམས་དང་སྙིང་རུས་ཀྱིས་དམ་འཛིན་ནན་མོ་བྱས་པ་དང་ཕྱོགས་ཡོངས་ནས་ཁོར་ཡུག་སྒྲིག་བཅོས་བྱ་བར་སྐུལ་འདེད་བཏང་ཞིང་། ཁོར་ཡུག་གི་གཅོང་ནད་རྩ་བ་ནས་བཅོས་པས་འབྲུག་ཆུའི་རྣམ་པར་མཛེས་ཆ་དོད་པར་བྱས།
    ད་ལྟའི་འབྲུག་ཆུར་ཁོངས་ཡོངས་སུ་སྒྲིག་བཅོས་བྱས་ཏེ་གྲོང་ཁྱེར་དང་ཞིང་སྡེར་རྣམ་པ་གསར་བ་ཞིག་བསྐྲུན་ཡོད། འབྲུག་ཆུའི་སྐྱེ་ཁམས་མཛེས་སྡུག་དང་རང་བྱུང་མཛེས་པ། ཁོར་ཡུག་མཛེས་པའི་སྣང་བརྙན་བཟང་བོ་གང་ལེགས་མངོན་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེའི་དར་རྒྱས་ལ་ནུས་ཤུགས་ཆེན་པོ་བཏོན་ཞིང་། དེ་སྔའི་ཁོར་ཡུག་གི་གཅོང་ནད་ལ་ཆེས་ཐོག་མར་སྒྲིག་བཅོས་བྱས་ཏེ་རྣམ་པ་གསར་བ་ཞིག་ཐོན་པ་དང་། གཅིག་བརྩེགས་གཉིས་གཤིབ་ཀྱི་སོ་ཕག་གི་ཐོག་ཁང་དང་འབྲུག་དཀར་གཙང་བོའི་ཉམས་འགྱུར་བཅས་ཕན་ཚུན་སྤེལ་རེས་ཐུབ་ཡོད། སྡེ་མིའི་ཁོར་ཡུག་གཙང་སྦྲའི་འདུ་ཤེས་ཡོངས་ཁྱབ་ཏུ་ཆེ་རུ་ཕྱིན་པ་དང་། གཙང་སྦྲའི་གོམས་གཤིས་རིམ་བཞིན་ཆགས་པ། ཞིང་སྡེའི་གཙང་སྦྲའི་རྐྱེན་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་ཞིང་། “ཁོངས་ཡོངས་མཛེས་པའི”དོ་དམ་མ་ལག་དང་ཞིབ་དཔྱད་ཚད་ལེན་མ་ལག་ཆགས་ཡོད་པས། “མཛེས་སྡུག་གི་འབྲུག་ཆུའི”བྱ་སྤྱོད་རྒྱུན་རྣམ་ཅན་གྱི་སྒྲིག་བཅོས་དང་ཡུན་ཕན་ཅན་གྱི་དཔྱད་ཞིབ། ཞིབ་ཚགས་ཅན་གྱི་དོ་དམ་བཅས་སུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་།།
(དངོས་སྦྱོང་སློབ་མ་དཀའ་ཐུབ་འཚོས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།