中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསང་ཆུ་རྫོང་གིས་ཕྱོགས་ཡོངས་ནས་ནང་འདྲེན་འཁྱག་ཟས་རིགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ།
དུས་ཚོད།2021-01-11 16:35:25     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཕྱོགས་ཡོངས་ནས་ནང་འདྲེན་འཁྱག་ཟས་རིགས་ལ་ཏོག་གསར་ནད་དུག་འགོས་པའི་ཉེན་ཁ་སྔོན་འགོག་བྱ་ཆེད། བསང་ཆུ་རྫོང་ཚོང་ར་ལྟ་སྐུལ་ཅུས་ཀྱིས་སྔོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་། ནང་འདྲེན་འཁྱག་ཟས་རིགས་ལ་ལྟ་སྐུལ་བྱེད་པའི་བྱ་ཐབས་སྔར་བས་ལེགས་པར་བཏང་། རྫོང་ཡོངས་ཀྱི་ཁྱབ་ཁུངས་སུ་ནང་འདྲེན་འཁྱག་ཟས་ཀྱི་རིགས་དེས་ཁེབས་པར་བྱེད་ཅིང་། རྒྱུན་ལྡན་ངང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། བྱ་བ་དངོས་ཀྱི་ཐོག་རིམས་ནད་ཀྱི་འགོག་སྒོ་ལྕགས་ལྟར་སྲ་ཞིང་བརྟན་པ་ཞིག་བཟོས་ཡོད།
    བསང་ཆུ་རྫོང་གིས་ནང་འདྲེན་འཁྱག་ཟས་ལས་ཤ་རིགས་གཙོར་བཟུང་སྟེ། ཁོངས་གཏོགས་ཀྱི་ནང་འདྲེན་འཁྱག་ཟས་ལས་ཤ་རིགས་ཕྱིར་འཚོང་གི་ཁེ་ལས་དང་ཟ་ཁང་། རང་འདེམས་ཚོང་ཁང་ཆེན་པོ་སོགས་ཀྱི་ས་གནས་གཙོ་གནད་དུ་བཟུང་ཞིང་། ནང་འདྲེན་འཁྱག་ཟས་རིགས་ཀྱི་ལས་ཀ་གཉེར་བཞིན་པའི་མི་སྣ་དམིགས་སུ་ཕྱེ་སྟེ། ཁོངས་གཏོགས་ཀྱི་འཁྱགས་མཛོད་གནས་ཚུལ་དང་བསགས་ཉར་ཆ་རྐྱེན། ཁུངས་འདེད་དོ་དམ། ཐོན་རྫས་ཀྱི་སྤུས་ཀ་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ཆ་ཚང་ཅན་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ།
    ཟླ 1པའི་ཚེས 6གི་ཉིན་གྱི་བར་དུ། རིམ་རྩིས་བྱས་པ་ལྟར་ན་རྫོང་ཡོངས་ཀྱི་ཁྲིམས་འཛིན་མི་སྣ 1200ལྷག་མངགས་ཏེ། ནང་འདྲེན་འཁྱག་ཟས་རིགས་ཀྱི་ཚོང་གཉེར་ཁྱིམ་ཚང 11དང་། ནང་འདྲེན་འཁྱག་ཟས་ཀྱི་རིགས་བཀོལ་སྤྱོད་བྱེད་ཀྱིན་པའི་ཟ་ཁང་ཆེ་གྲས 123ལ་ཞིབ་བཤེར་བྱས་ཤིང་། དེའི་ནང་ནས་གནད་དོན 22རྙེད་པ་དང་ཁྱིམ་ཚང 18ལ་སྒྲིག་བཅོས་བཀའ་འབེབ་བྱས། བསང་ཆུ་རྫོང་གིས་བྱ་ཐབས་ལེགས་པོ་གཟབ་ནན་གྱི་སྤེལ་ཏེ། རྒྱུན་མཐུད་དུ་ནང་འདྲེན་འཁྱག་ཟས་རིགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་གིན་ཡོད་ལ། ནང་འདྲེན་འཁྱག་ཟས་ཀྱི་རིགས་ཚོང་གཉེར་བྱེད་མཁན་ལ་ཟས་རིགས་བདེ་འཇགས་ཁག་ཐེག་ཡོད་པའི་འགན་བཅོལ་བྱས་ཏེ་ལྟ་སྐུལ་གྱི་མ་ལག་ཚད་ལྡན་ཞིག་གྲུབ་ཡོད་ཅིང་། དེས་རིམས་འགོག་དང་ཟས་རིགས་བདེ་འཇགས་ཐད་རྨང་གཞིའང་ཇེ་བརྟན་དུ་བཏང་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།