中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་གིས་ཀྲུང་གོའི་སྐོར་བྲོའི་ཕ་ཡུལ་ཇེ་མཛེས་སུ་བསྐྲུན་པ།
དུས་ཚོད།2021-01-28 16:56:44     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་འགའི་ནང་དུ། ཀླུ་ཆུ་རྫོང་གིས་ཞིབ་ཕྲའི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་གནས་སྡོད་དང་། ལས་ཞུགས་ལས་གཏོད། ཡུལ་སྐོར། ཚོར་གཉེར་བཅས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཞིང་། གྲོང་མིའི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མཐོ་སྒང་གི་ཁྱད་ཆོས་མངོན་གསལ་དོད་པ་དང་། དེང་རབས་དར་སྲོལ་མཛེས་པ། རྩྭ་ཐང་གི་ཉམས་འགྱུར་ཟབ་མོ་ལྡན་པ། ས་ཁོངས་རིག་གནས་ཀྱི་རྫོང་སྟུག་པ། གཙང་བོ་དང་ཆུ་བོའི་འབྱུང་ཁུངས་ཡིན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་ཀྲུང་གོའི་སྐོར་བྲོའི་ཕ་ཡུལ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་།
    སྤུས་དག་གི་གྲོང་ཁྱེར་བསྐྲུན་དགོས་ན་ཞིབ་ཕྲའི་སྒོ་ནས་དོ་དམ་བྱ་དགོས། ཕྱོགས་གཅིག་ནས་གྲོང་ཁྱེར་གྱི་རིམ་སྤོར་དམ་འཛིན་བྱས་པ་དང་། ཕྱོགས་གཅིག་ནས་གྲོང་ཁྱེར་གྱི་དོ་དམ་དམ་འཛིན་བྱས་པ་རྒྱུན་འཁྱོངས་བྱས་ནས། འཛུགས་སྐྲུན་དང་དོ་དམ་བྱེད་པའི་བརྒྱུད་རིམ་དེ་གྲོང་ཁྱེར་བཅོས་སྐྱོང་བྱེད་ནུས་དང་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས།
    རྨང་གཞིའི་ཞན་ཆ་ཁ་གསབ་བྱས་པ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་ལྗང་སྒྱུར་དང་མཛེས་བཟོ། གཙང་བཟོ་བཅས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ། རིམ་བསགས་ཀྱིས་བརྩིས་ན་སྡོང་རྐང 3000ལྷག་བཙུགས་པ་དང་། སྔོ་ཁེབས་མེད་པའི་ས་ཆ་མུའུ 1000ལྷག་སླར་གསོ་བྱས་པ། རྫོང་ཡོངས་ཀྱི་གཞུང་ལམ་གཙོ་བོའི་འགྲམ་གྱི་ཐོག་ཁང་ཕྱི་ངོས་ཀྱི་གློག་སྒྲོན་དང་ལམ་སྒྲོན་ཞིག་གསོ་བྱས་པ་དང་། གྲོང་ཁྱེར་ནང་ཁུལ་གྱི་བརྡ་ཁྱབ་ཤོག་བྱང་དང་ཚོང་ཁང་གི་སྒོ་བྱང་སོགས་སྒྲིག་བཅོས་བྱས་ནས་ཚད་ལྡན་དུ་བཏང་། སློབ་རའི་མཐའ་སྐོར་དང་། ཚོང་འདུས་ཁྲོམ་ར། གྲོང་འདབས་ཀྱི་འབྲེལ་མཚམས་སོགས་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་ཏེ“སྤྱོད་ངན་བཅུ་མེད་པ་དང་འཛུགས་སྐྲུན་གཅིག”གི་བྱ་འགུལ་སྤེལ་ནས་ཁྱོན་ཡོངས་ནས་སྒྲིག་བཅོས་བྱས།
    སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་འཛུགས་སྐྲུན་དངོས་པོ་བཤིག་པ་དང་བཙོག་དངོས་སྒྲིག་བཅོས་བྱས་པ། འཛུགས་སྐྲུན་ཚོང་རའི་གནད་དོན་དག་ཐེར་གྱི་བརྡ་ཐོ 42དང་ལས་མཚམས་འཇོག་པའི་བརྡ་ཐོ 15བཀྲམས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ཡི་གེ 20ལྷག་བཞག་པ། གད་སྙིགས་ཏུན་ཁྲི 1.2ལྷག་གཙང་སེལ་བྱས་པ་དང་། ཁང་རྙིང་དང་གྱང་ཆག 345བཤིག་པ། ཁྲིམས་འགལ་སྒྲིག་འགལ་གྱི་འཛུགས་སྐྲུན་དངོས་པོ་དང་ཉེན་ཁང་། རླངས་འཁོར་འཁྲུད་ས། རླངས་འཁོར་ཆུ་སྣོན་ས་ཚིགས། ཡུལ་སྐོར་ཞབས་ཞུའི་ས་ཚིགས་སོགས་གནས 80ལྷག་བཤིག་པ་དང་སྒྲིག་བཅོས་བྱས་ནས་མཐོང་ལམ་གྱི་སྦགས་བཙོག་མེད་པར་བཟོས།
    ད་སྐབས་ཀྱི་ཀྲུང་གོའི་སྐོར་བྲོའི་ཕ་ཡུལ་དེ་མཛེས་སྡུག་གི་སྣང་བརྙན་དང་འབད་འབུངས་ཀྱི་རྣམ་པ། དངོས་སྒྲུབ་ཀྱི་སྙིང་སྟོབས། སྒོ་དབྱེའི་བློ་རྒྱ་བཅས་ཀྱི་སྒོ་ནས་གོམ་སྟབས་ཆེན་པོས་དུས་རབས་གསར་བར་བསྐྱོད་དེ་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།