中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་གི་ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་ལ་གྲོང་གསེབ་ཀྱི་མཛེས་ལྗོངས་ལྟ་ན་སྡུག
དུས་ཚོད།2021-01-28 16:58:22     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ད་སྐབས་ཀྱི་ཅོ་ནེའི་ས་གཞི་ཆེན་མོ་དེ་རུ་རྫོང་མཁར་དང་ཡང་ན་གྲོང་གསེབ་གང་ཡིན་རུང་སྲང་ལམ་གཙང་ཞིང་གྲ་དག་པ་དང་། སྒོ་ར་གྲལ་སྟར་འགྲིག་པ། རིག་གནས་གྱང་མཛེས་ཤིང་སྤུས་ལེགས་པ་སོགས་སྐྱེ་ཁམས་དང་། དཔལ་ཡོན། གཙང་སྦྲ་བཅས་ཀྱི་དགེ་མཚན་རྣམ་པར་མངོན་འདུག
    2015ལོར་ཅོ་ནེ་རྫོང་གིས་རོང་འབྲོག་སྡེ་བའི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པ་དམ་འཛིན་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རོང་འབྲོག་སྡེ་བའི་མི་སྡོད་ཁོར་ཡུག་སྒྲིག་བཅོས་ཀྱི་བྱ་འགུལ་ཏན་ཏིག་སྒོས་སྤེལ་ནས་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།
    ཅོ་ནེ་རྫོང་གིས་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཁྲོད་དུ་གཙང་བ་དང་མཛེས་པ། དཔལ་ཡོན་ལྡན་པ་བཅས་ཡིན་པའི་གནས་སྡོད་ལ་འཚམ་པ་དང་ཡུལ་སྐོར་ལས་རིགས་ལ་འཚམ་པ། ལས་ཞུགས་ལས་གཏོད་ལ་འཚམ་པའི་ཁོར་ཡུག་གསར་བ་ཧུར་ཐག་སྒོས་འཛུགས་སྐྲུན་བྱས། སྔ་རྗེས་སུཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་བྱ་ཐབསདངཅོ་ནེ་རྫོང་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་ཀྱི“ཉིན་བརྒྱའི་དམག་འཐབ”བྱ་བའི་ཇུས་གཞིཅོ་ནེ་རྫོང་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་དཔྱད་ཞིབ་བྱ་ཐབསསོགས་ཡིག་ཆ་སྣ་ཚོགས་གཏན་འབེབས་བྱས་ནས་བཀྲམས། གཅིག་བསྡུས་སྒྲིག་བཅོས་བྱེད་པ་དང་གཙོ་གནད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། གློ་བུར་དུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞུང་ལམ་འགྲམ་རྒྱུད་དང་གཙོ་གནད་ས་ཁུལ་གྱི“བཙོག་ཟིང་ཞན་གསུམ”སྒྲིག་བཅོས་མཐར་ཕྱིན་པ་བྱེད་པར་འགན་ལེན་བྱས།
    རྫོང་ཡོངས་ཀྱི་མི་དམངས་རྣམས་ཀྱིས་གཙང་དག་དང་བདེ་སྐྱིད་ཀྱི་ཁོར་ཡུག་ཁྲོད་ནས་འཚོ་བ་རོལ་ཆེད། ག་ས་གང་དུ་གད་སྙིགས་མེད་པ་དང་གང་བྱུང་དུ་བེད་མེད་དངོས་པོ་སྤུངས་གསོག་མི་བྱེད་པ། དཀར་པོའི་སྦགས་བཙོག་མེད་པ་བཅས་བྱས་ཏེ། གྲོང་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་དབོར་འདྲེན་རླངས་འཁོར་གྱིས་ཉིན་གང་བོར་དུས་ངེས་གཏན་མེད་པར་གྲོང་ཁུལ་གྱི་སྲང་ལམ་ཁག་ཏུ་གད་སྙིགས་དབོར་འདྲེན་བྱས་པ་དང་། ཤང་དང་གྲོང་རྡལ། རོང་འབྲོག་སྡེ་བའི་འཚོ་བའི་གད་སྙིགས་དང་ཨར་སྐྲུན་གད་སྙིགས་སོགས་གཏན་ཁེལ་གྱི་སྤུངས་གསོག་བྱེད་གནས་དང་བསྡུ་རུབ་བྱེད་གནས་སུ་སྐྱེལ་འདྲེན་བྱེད་དུ་བཅུག་ནས་མཐོང་ལམ་དུ་གད་སྙིགས་མེད་པར་བྱས་ཤིང་། ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཡུལ་སྐོར་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།