ཉེ་ཆར། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དགུན་གནང་སྐབས་སུ་བྱིས་པར་གཅེས་སྐྱོང་དང་ཞབས་ཞུ་བསྒྲུབ་པ་དང“གནོད་མེད་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་བྱེད་པར་གྲོང་གསེབ་ཀྱི་བུད་མེད་སྐུལ་སློང་བྱེད་པའི་འགོ་ཚུགས་མཛད་སྒོ་གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་རྒྱ་སྒོ་སྡེ་བ་རུ་སྤེལ།
བྱ་འགུལ་ཁྲོད་དུ་སྟོད་ལྭ 60ལྷག་དང་གཙང་སྦྲའི་ཡོ་བྱད་ཁུག་མ 20 ཁོར་ཡུག་སྲུང་སྐྱོང་གི་ཁུག་མ 60ལྷག་བཀྲམས་པ་དང་། སྡེ་བའི་བུད་མེད་དང་བྱིས་པ་ཚོར“གནོད་མེད་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་གྱི་ནང་དོན་དང་དགུན་གནང་སྐབས་ཀྱི་བྱིས་པའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་བྱས་ཤིང་། བྱ་འགུལ་མཇུག་སྒྲིལ་རྗེས་སྡེ་བའི་བུད་མེད་མང་ཚོགས་དང་མཉམ་དུ་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|