中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན།རིན་ཆེན་དོན་གྲུབ་བཅས་ཀྱིས་བསང་ཆུ་རྫོང་དུ་ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ་ལ་འཚམས་འདྲི་བྱས་པ།
དུས་ཚོད།2021-02-20 10:49:30     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 2པའི་ཚེས 13ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་འཁོར་དང་བཅས་པ་བསང་ཆུ་རྫོང་བླ་བྲང་དགོན་པར་སོང་ནས་ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ་མི་སྣར་ལོ་སར་གྱི་འཚམས་འདྲི་ཞུས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་བསྐྱལ།
    ཡུས་ཁྲིན་ཧུའེ་འཁོར་དང་བཅས་པས་སྔ་གཞུག་ཏུ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་། གུང་ཐང་ཚང་བློ་བཟང་དགེ་ལེགས་བསྟན་པའི་མཁན་ཆེན། གུང་ཐང་ཚང་གི་ཡོངས་འཛིན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ་དང་བླ་བྲང་དགོན་པའི་དོ་དམ་ཁང་གི་ཁོངས་མི་བཅས་ལ་འཚམས་འདྲི་བྱས་པ་དང་། ཁོང་རྣམས་དང་ཞུགས་མོལ་བརྗེ་རེས་བྱས་ཏེ་ཁོང་རྣམ་པའི་འཚོ་བ་དང་བྱ་བའི་གནས་ཚུལ། སྐུ་ལུས་བདེ་ཐང་གི་གནས་ཚུལ་བཅས་གསལ་བོ་དྲིས་པ་མ་ཟད། གྲྭ་བའི་བསམ་བློའི་སློབ་གསོ་དང་དགོན་པའི་དམངས་གཙོ་དོ་དམ། ནོར་དོན་དོ་དམ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་ཚོགས་འགན་སྲུང་དོ་དམ་སོགས་ཀྱི་བྱ་བར་རྒྱུས་ལོན་བྱས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཁོང་རྣམ་པར་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་མ་ཟད། མི་རིགས་ཆོས་ལུགས་བྱ་བར་ཤུགས་སྣོན་པའི་ཐད་དུ་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན།
    ཡུས་ཁྲིན་ཧུའེ་ཡིས་ཆོས་ལུགས་ལས་རིགས་ཀྱི་སྐུ་ཚབ་ཀྱིས་ནམ་ཡང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་གཏན་འཇགས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་བཀའ་དྲིན་ཆེ་ཞུས་པ་དང་། མུ་མཐུད་དུ་རང་ཁུལ་གྱི་བྱ་གཞག་སོ་སོ་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཅེས་བསྟན།
    དགོན་པའི་དོ་དམ་ཁང་གི་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་རྗེས་ཡུས་ཁྲིན་ཧུའེ་ཡིས་ཉེ་བའི་ལོ་འགར། བླ་བྲང་དགོན་པའི་མཚན་སྙན་ཇེ་རྒྱས་སུ་འགྲོ་བ་དང་ཤུགས་རྐྱེན་ཐེབས་རྒྱ་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་དགོན་པའི་དོ་དམ་ཁང་གི་འགོ་ཁྲིད་ཚན་ཆུང་གིས་མཐུན་སྒྲིལ་དམ་ཟབ་ཀྱིས་དོ་དམ་ཚད་ལྡན་བྱས་པ་དང་ཁ་འབྲལ་ཐབས་མེད་པས།  དགོན་པའི་དོ་དམ་ཁང་གིས་མུ་མཐུད་དུ་ཉམས་མྱོང་འདོན་སྤེལ་གང་ལེགས་བྱས་ནས།  ཧུར་ཐག་གིས་ཏང་དང་རྒྱལ་ཁབ་དང་མཉམ་སྐྱོད་ཀྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས།  ཚུལ་མིན་གྱི་སྣང་ཚུལ་ལ་འཐབ་རྩོད་བྱེད་ཕོད་པ་དང་།  ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཐད་དུ་ནུས་ཤུགས་འདོན་དགོས་ཞེས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཧུར་ཐག་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་བྱ་བའི་དོ་དམ་ལ་ཤུགས་བསྣན་ནས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འགྲོ་བར་སྣེ་ཁྲིད་དེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན།
   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ་དང་ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་གིས་འཚམས་འདྲི་བྱེད་པར་འགྲོ་རོགས་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།