中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུ་རྫོང་གིས“གནོད་མེད་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་ཁྲོད་མཛེས་སྡུག་ལྡན་པའི་དུས་ཆེན་གྱི་ཁོར་ཡུག་བསྐྲུན་པ།
དུས་ཚོད།2021-02-20 10:51:48     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། རྨ་ཆུ་རྫོང་གིས“གནོད་མེད་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་གྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ལུགས་རྙིང་ལོ་སར་སྐབས་སུ་ལས་རེས་པ་ཡིན་པའི་རྒྱ་ཆེའི་ལས་བྱེད་པ་མང་ཚོགས་དང་ཁོར་སྲུང་ལས་བཟོ་བ་རྩ་འཛུགས་བྱས་ཏེ་གེ་སར་རྟ་རྒྱུག་ཐང་གི་ཁྱབ་ཁོངས་སུ་དུས་ཆེན་སྔོན་གྱི་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱི་བྱ་འགུལ་སྤེལ་བ་དང་། ལས་བྱེད་པ་དང་ལས་བཟོ་བ 300ལྷག་སྒྲིག་བཅོས་ཀྱི་བྱ་འགུལ་དུ་ཞུགས།
    ཁུལ་ཡོངས་ཀྱིས“གནོད་མེད་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་བ་ནས་བཟུང་། རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གནས་ཚུལ་དངོས་དང་བསྟུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དོན་འཁྱོལ་ཟབ་མོ་བྱས་ནས། ཁོངས་ཡོངས་ཀྱི་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་གཞི་འཛུགས་ས་བྱས་ནས། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས“གནོད་མེད་ལྔ་ཡི་ཀན་ལྷོ”འཛུགས་སྐྲུན་གྱི་བྱ་བའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱས། ཤུགས་ཆེན་པོས་ཤང་དང་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན། “གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་སྤེལ་བ་བརྒྱུད་ནས་འདས་ཟིན་པའི“རྫོབ་རྙོག་ཞན”གསུམ་གྱི་མི་སྡོད་ཁོར་ཡུག་གི་རྣམ་པ་བསྒྱུར་ཏེ“གཙང་དྭངས་མཛེས་སྡུག”གི་མཐོ་སྒང་གི་ཡུལ་ཁམས་གསར་བ་གསར་སྐྲུན་བྱས་ནས། ནུས་ཤུགས་ཡོད་རྒུས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་བཏང་།
    རྨ་ཆུ་རྫོང་གིས་རྫོང་གི་གནས་ཚུལ་དངོས་ལ་གཞིགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཐའ་འཁྱོངས་ཀྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་སྔོན་ལ་གཙོ་བོར་འཛིན་པའི་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད། སྒྲིག་སྲོལ་དང་འགལ་བའི་འཛུགས་སྐྲུན་བཤིག་ནས་རྫོབ་རྙོག་ཞན་གསུམ་སྒྲིག་བཅོས་དང“སྤུངས་གསུམ་དང་གང་བྱུང་བཞི”གཙང་བཤེར། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཁོར་ཡུག“བཅོས་སྐྱོང་དྲུག་དང་གནད་འགག་གཉིས”ཀྱི་ཉིན་བརྒྱའི་མཁྲེགས་གཏོར་ཆེད་དོན་བྱ་འགུལ་སྤེལ་བ་དང་། ཤང་དང་གྲོང་རྡལ་གྱི་ཁོར་ཡུག་སྲུང་སྐྱོང་གཞི་གཅིག་ཅན་གྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཁོར་ཡུག་གསར་བརྗེའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་ཇེ་མཐོར་བཏང་། འགྱིག་ཤོག་འབྱུང་རྩ་ནས་ཇེ་ཉུང་དུ་གཏོང་བའི་བྱ་བ་སྤེལ་བ་དང་། འགྱིག་ཤོག་གི་ཚབ་བྱེད་ཐོན་རྫས་ཁྱབ་གདལ་བེད་སྤྱོད་གཏོང་བ། ཚུར་བསྡུ་བེད་སྤྱོད་དང་གཙང་བཅོས་ལ་ཤུགས་སྣོན་པ་བཅས་བྱས་ནས“དཀར་བོའི་གད་སྙིགས”ཀྱི་སྦགས་བཙོག་བཀག་འགོག་ནུས་ལྡན་བྱས། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་ཉེན་ཆེའི་བེད་མེད་དངོས་པོ་གཙང་བཅོས་བྱས་པ་དང་། ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། ཕྱུགས་ལས་ཐོན་རྫས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་བསྟར་བྱས་ནས་ས་མཐོའི་ལྗང་མདོག་སྐྱེ་ལྡན་སྤུས་རྟགས་བཏོད་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།