中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། པར་རིས་གསར་འགྱུར།
དུས་ཚོད།2021-02-20 10:53:40     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    \\
    ཉེ་བའི་ལོ་ཤས་རིང་། ཐེ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྐྱེད་སྲིང་ཁྲིད་སྟོན་དང་རྒྱབ་སྐྱོར་འོག “སྡེ་བའི་དགོང་ཚོགས”གང་སར་ཁྱབ་ནས་མང་ཚོགས་ཞུགས་ཚད་སྔར་བས་མཐོ་བ་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་བའི་གཞི་རིམ་རིག་གནས་ཀྱི་སྟོན་མོ་ཞིག་ཏུ་གྱུར་ཡོད།
    ལུགས་རྙིང་ལོ་སར་གྱི་སྐབས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ལེགས་པོ་སྒྲུབ་པའི་རྨང་གཞིའི་ཐོག་ཐེ་བོ་རྫོང་གི་སྡེ་བ་ཁག་གིས་གཅིག་རྗེས་གཉིས་མཐུད་ཀྱིས“སྡེ་བའི་དགོང་ཚོགས”གཉེར་བ་དང་སྡེ་མི་རང་གིས་རྩོམ་སྒྲིག་དང་འཁྲབ་ཁྲིད། འཁྲབ་སྟོན་བྱེད་པ་བཅས་ཀྱི་ལེ་ཚན་གྱིས་འཚོ་བ་སྐྱིད་པོར་བསྟོད་གླུ་དང་ལོ་སར་སྐྱིད་པོ་རོལ་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་མངོན་པར་བྱས། “སྡེ་བའི་དགོང་ཚོགས”ནི་རིག་གནས་མཚོན་རྟགས་ཤིག་ཡིན་པའི་ངོས་ནས་སྡེ་མིའི་བརྩེ་སེམས་གཅིག་སྒྲིལ་དང་ཡུལ་སྲོལ་བཟང་བོར་སྐུལ་འདེད་གཏོང་བ། འཆམ་མཐུན་གྱི་སྡེ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།


Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།