中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་ཟམ་ཚ་གྲོང་རྡལ་གྱིས་ངལ་ལས་ཕྱིར་གཏོང་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་གསར་བ་སྐྱེལ་ཐབས་བྱས་པ།
དུས་ཚོད།2021-04-02 18:24:07     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཀླུ་ཆུ་རྫོང་ཟམ་ཚ་གྲོང་རྡལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བར་དམིགས་ནས། “སྲིད་གཞུང་གིས་སྐུལ་འདེད་དང་ལས་བྱེད་པས་སྣེ་ཁྲིད། དྲིལ་བསྒྲགས་ཀྱིས་སྐུལ་སྤེལ་དང་སྲིད་ཇུས་ཀྱིས་ཕྱོགས་སྟོན”བྱེད་པའི་བྱ་ཐབས་སྤྱད་དེ། ཧུར་ཐག་གིས་ངལ་རྩོལ་ནུས་ཤུགས་ལྷག་མ་ཕྱིར་གཏོང་བྱེད་པར་སྣེ་ཁྲིད་དེ། ངལ་ལས་མི་གྲངས་དང་ངལ་ལས་ཡོང་འབབ་འཕར་སྣོན་དང་བསམ་བློ་འདུ་ཤེས་འགྱུར་ལྡོག་བཏང་བའི“འཕར་སྣོན་གཉིས་དང་སྒྱུར་བ་གཅིག”མངོན་འགྱུར་བྱུང་།
    དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་ཆེད། ཟམ་ཚ་གྲོང་རྡལ་གྱིས་ཆེད་དོན་གྲོས་ཚོགས་ཚོགས་ནས་ངལ་ལས་ཕྱིར་གཏོང་བྱ་བ་ཐེངས 10ལྷག་སྤེལ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱ་ཁྱབ་ངང་ངལ་ལས་ཕྱིར་གཏོང་བྱ་བའི་འབྲེལ་ཡོད་སྲིད་ཇུས་དང་བྱ་དགའི་ཁ་གསབ་བྱ་ཐབས་དྲིལ་བསྒྲགས་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ངལ་ལས་ཕྱིར་གཏོང་གི་ཧུར་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་པ་དང་། གྲོང་རྡལ་ཡོངས་ཀྱི་ངལ་ལས་ཕྱིར་གཏོང་དཔུང་ཁག་རྒྱ་ཆེར་བཏང་། 2020ལོར། གྲོང་རྡལ་ཡོངས་སུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང 350ངལ་ལས་ཕྱིར་གཏོང་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་ཡོངས་ཀྱི 86%ཟིན་པས། དུས་མཚུངས་དང་བསྡུར་ན 10.06%འཕར་ཡོད།
    ཟམ་ཚ་གྲོང་རྡལ་གྱིས་ངལ་རྩོལ་ནུས་ཤུགས་ལྷག་མ་ཕྱིར་གཏོང་གི་ཐབས་ཀྱིས་ལས་ཞུགས་དང་ངལ་ལས་ཡོང་འབབ་འཕར་སྣོན་དང་། ཡོང་འཕར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བར་སྐུལ་སློང་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་བཏང་། 2020ལོའི་ལོ་མཇུག་བར་དུ། གྲོང་རྡལ་ཡོངས་སུ་རིམ་བསགས་ཀྱིས་བརྩིས་ན་ངལ་རྩོལ་ནུས་ཤུགས་མི 828ཕྱིར་གཏོང་བྱས་པ་དང་། དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང 442ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ངལ་ལས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི 791.09མངོན་འགྱུར་བྱུང་ཞིང་། མི་རེའི་ཆ་སྙོམས་ཡོང་འབབ་ཕལ་ཆེར་སྒོར་ཁྲི 1.79ཡོད། དུས་མཚུངས་སུ། ཕྱི་རུ་གླ་གཏོང་བྱེད་པའི་ངལ་ལས་པ 20ཡི་འགྲོ་འོང་གི་འགྲིམ་འགྲུལ་གྲོན་དངུལ་དང་བྱ་དགའི་གསབ་དངུལ་སྒོར་ཁྲི 9.72དོན་འཁྱོལ་བྱས་ཤིང་། མི་རེར་ཆ་སྙོམས་སྒོར 4860ཐོབ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།