中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2021-04-07 18:45:13     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ༄༅།། ཟླ 3པའི་ཚེས 31ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ཀྱི་ཐག་གཅོད་གཏན་འབེབས(ཚོད་ལྟའི་ལག་ལེན) དེ་མིན་རྒྱལ་ཁབ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཡུང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་ཐིང་ལི་ཡིས་ཀན་ལྷོ་རུ་རྟོག་ཞིབ་བྱེད་སྐབས་སུ་གཏམ་བཤད་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྤྱི་ཚོགས་འགན་སྲུང་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ། རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་སྐབས་བརྗེ། མི་རིགས་མཐུན་སྒྲིལ་ཡར་ཐོན། ཏང་བཙུགས་ནས་ལོ་འཁོར 100ལོན་པར་རྟེན་འབྲེལ་ཞུ་བ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།།
    ༄༅།། ཉེ་ཆར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་པུའུ་ཀྲང་མ་ཡུས་ཀྱིས་ལིན་ཐན་རྫོང་གི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། བཞུགས་མོལ་གྲོས་ཚོགས་བསྡུས།།
   ༄༅།། ཉེ་ཆར། དུས་ཡུན་ཉིན་བཞི་ཡིན་པའི་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གིས་ལས་ཁུངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས། དཔེ་ཀློག་འཛིན་གྲྭས་ཆེད་དོན་ཟུར་ཁྲིད་དང་སློབ་སྦྱོང་ཞིབ་བསྡུར། མྱོང་ཚོར་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ།།
    ༄༅།། ཟླ 4བའི་ཚེས 1ཉིན་ལ། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་གཙོ་འགན་ཁུར་ནས་ཁག་བགོས་འགན་གཉེར་བྱ་བའི་ཀྲུང་དབྱང་སྐོར་གཟིགས་ཕྱིར་ལྡོག་བསམ་འཆར་སྒྲིག་བཅོས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།།
    ༄༅།། ཉེ་ཆར། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོགས་གྲོས་ཚོགས་ཐེངས་ལྔ་བ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་འཛིན་གྲྭ་ལན་ཀྲོའུ་རུ་བསྡུས། འཛིན་གྲྭ་བརྙན་བརྡའི་ལམ་ནས་ཚོགས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།