中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣན་ནས་ལྗང་མདོག་སྤང་ཤུན་བརྟན་སྲུང་བྱས་པ།
དུས་ཚོད།2021-04-07 18:49:28     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོར། ཅོ་ནེ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་སྤེལ་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་ལ་ཤུགས་སྣོན། སྐྱེ་ཁམས་གལ་ཆེན་གྱི་སྲུང་སྐྱོང་ལས་གཞི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་བཏང་ནས། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་རྨོ་བསྐྱུར་ནགས་འཛུགས། རྒྱལ་ཁབ་ས་ཁོངས་ལྗང་འགྱུར་སོགས་གཙོ་གནད་ལས་གཞི་ཁག་ཅིག་སྔོན་དུ་ལག་བསྟར་བྱས་པ་མ་ཟད། ཕྱོགས་ཡོངས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་གཟེངས་བསྟོད་སྲིད་ཇུས་ལག་བསྟར་བྱས།
    1998ལོར། ཅོ་ནེ་རྫོང་གིས་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། 2011ལོའི་ལོ་མཇུག་ཏུ། ཞིང་བསྐྱུར་ནགས་འཛུགས་མུའུ་ཁྲི 6.7ལག་བསྟར་བྱས། རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི 17.1192སྲུང་སྐྱོང་བྱས། 2011ལོར། རྫོང་ཡོངས་སུ་ནགས་ཚལ་གྱི་ཁེབས་ཚད 1994ལོའི 15.16%ནས 34.6%ལ་འཕར།
    རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་གྲུབ་འབྲས་མངོན་གསལ་ཡིན་པ། ལས་གཞི་དེ 2003ལོ་ནས་ལག་བསྟར་བྱས་པ་ནས་བཟུང་། ཅོ་ནེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ལས་གཞི་བདེ་བླག་ངང་སྤེལ། རྫོང་ཡོངས་སུ་རིམ་བསགས་ཀྱིས་བརྩིས་ན་ཕྱུགས་བསྐྱར་རྩྭ་འདེབས་ལས་གཞི་མུའུ་ཁྲི 340ལེགས་གྲུབ་བྱུང་བ་དང་། དེའི་ཁྲོད་དུ་ཕྱུགས་འགོག་ལྕགས་དྲ་བསྐོར་བ་མུའུ་ཁྲི 80དང་ཕྱུགས་བསྐྱུར་ལྕགས་ར་བསྐོར་བ་མུའུ་ཁྲི 305ཡོད་པ་དང་། རྩྭ་ཐང་ལ་རྩྭ་གསབ་འདེབས་བྱས་པ་མུའུ་ཁྲི 132.5ཡོད་པ་དང་དེའི་ཁྲོད་དུ་ཀྲུང་དབྱང་གི་མ་དངུལ་བཏང་བ་སྒོར་ཁྲི 7910ཡོད་པ།  ས་གནས་ཀྱི་བཀོད་སྒྲིག་བྱས་པའམ་མང་ཚོགས་ཀྱི་རང་གྲབས་བྱས་པ་སྒོར་ཁྲི 2640ཡོད།
    རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སླར་གསོ། མ་ཡུམ་ཆུ་བོར་སྲུང་སྐྱོང་བཅས་ལ་ཤུགས་བསྣན། རྒྱལ་ཁབ་ཀྱིས 2009ལོར་རྫོང་དེར“རྨ་ཆུའི་ཆུ་ཁུངས་གསབ་སྤྲོད་ཀྱི་རྩོལ་ནུས་ཁུལ་གལ་ཆེན་གྱི་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་གཞི”ལག་བསྟར་བྱས། ཅོ་ནེ་རྫོང་གིས་གོ་སྐབས་དེ་དམ་འཛིན་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཆེན་པོ་ཐོབ་ཡོད།
    2012ལོ་ནས་བཟུང་། ཅོ་ནེ་རྫོང་གིས་ཁུལ་ཁོར་ཡུག་ལྟ་ཞིབ་ས་ཚིགས་ལ་མངགས་བཅོལ་བྱས་ནས་རྫོང་ཁོངས་ཀྱི་ས་སྟེང་གི་ཆུ་དང་རླུང་ཁམས་ཆེན་མོ། སྒྲའི་ཁོར་ཡུག མིའི་འཐུང་ཆུ་སོགས་ཁོར་ཡུག་གི་སྤུས་ཚད་ལ་དཔེ་འཐེན་ལྟ་ཞིབ་ཚད་ལེན་བྱས་ནས། རྫོང་ཡོངས་སུ“བཞི་བཟང་གཅིག་ལེགས”ཀྱི་ལོ་རྒྱུས་ཀྱི་ཆེས་བཟང་བའི་ཆུ་ཚད་མངོན་འགྱུར་བྱུང་།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།