中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་མུའུ་བརྒྱའི་ཕོ་སུལ་ཤ་མོང་འདེབས་འཛུགས་བྱེད་འགོ་བརྩམས་པ།
དུས་ཚོད།2021-04-07 18:55:32     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   

    \
 

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)གནམ་གཤིས་རིམ་བཞིན་ཇེ་དྲོར་སོང་བ་དང་བསྟུན་ནས། ཕོ་སུལ་ཤ་མོང་འདེབས་འཛུགས་ཀྱི་དུས་ཚིགས་བཟང་བོར་ཡང་བསླེབས་ཡོད། གཙོས་གྲོང་ཁྱེར་ཀླུ་ཤོད་གྲོང་རྡལ་གྱི་འདེབས་འཛུགས་ཁྱིམ་ཚང་རྣམས་འདེབས་འཛུགས་ཀྱི་ལས་ལ་བྲེལ་བཞིན་ཡོད།
    སྟག་ཆུའི་འགྲམ་གྱི་ཤ་མོང་གི་རིགས་འདེབས་འཛུགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དུ་གཞུ་དབྱིབས་ཅན་གྱི་དྲོད་ཁང་གོ་རིམ་ངང་སྒྲིག་པ་དང་སྡེ་དམངས་རྣམས་ཀྱིས་ཞིབ་ཚགས་ངང་ཕོ་སུལ་ཤ་མོང་འདེབས་ཀྱིན་ཡོད།
    གདུང་བཞུས་མགོ་སྡེ་བས་ཕོ་སུལ་ཤ་མོང་འདེབས་འཛུགས་བྱས་ནས་ལོ་གཉིས་ལོན་ཡོད་པ་དང་། ཐོན་ཚད་མཐོ་ཞིང་རྒྱུ་སྤུས་ལེགས་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་ལ། ཕོ་སུལ་ཤ་མོང་གདུང་བཞུས་མགོ་སྡེ་བའི་རྐང་འཛིན་ཐོན་ལས་སུ་གྱུར་ཡོད། ལོ་གཉིས་ཀྱི་རིང་ལ། གདུང་བཞུས་མགོ་སྡེ་བའི་སྔར་ཡོད་ཀྱི་འདེབས་འཛུགས་གཞི་ཁྱོན་བརྟན་སྲུང་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་འགན་སྲུང་ཡོད་པའི་རྨང་གཞིའི་སྟེང་དུ། ཕོ་སུལ་ཤ་མོང་ཐོན་ལས་གཙོ་གནད་དུ་བཟུང་ནས་གོང་འཕེལ་དུ་བཏང་། རྒྱལ་ཁབ་ཀྱི་དམངས་ཕྱུག་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་མུ་མཐུད་དུ་ཐོན་སྐྱེད་འཕར་བ་དང་ཡོང་སྒོ་འཕར་བར་བྱས། འདེབས་འཛུགས་ཁྱིམ་ཚང་གིས་མུ་ཐུད་དུ་འདེབས་འཛུགས་ཀྱི་ཉམས་མྱོང་འཚོལ་བསྡུ་དང་མི་འདང་ས་སྤྱི་སྡོམ་སོགས་བྱས་པས་དཔལ་འབྱོར་གྱི་ཁེ་ཕན་ཡང་མུ་མཐུད་ཇེ་བཟང་དུ་གྱུར་པ་དང་། སྡེ་དམངས་ཀྱི་འདེབས་འཛུགས་ཀྱི་ཆོད་སེམས་ཀྱང་ཇེ་བརྟན་དུ་བཏང་།
    ཀླུ་ཤོད་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཡིས་བཤད་རྒྱུར། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་གཏན་ཁེལ་བྱས་པའི་ཐོན་ལས་ཆེན་པོ་དྲུག་གོང་འཕེལ་གྱི་འགྲེམ་ཚུལ་ལྟར། ད་ལོར་ང་ཚོའི་ཀླུ་ཤོད་གྲོང་རྡལ་གྱིས་མུའུ་བརྒྱའི་ཕོ་སུལ་ཤ་མོང་དངོས་སུ་འདེབས་འཛུགས་བྱས་ཤིང་། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་དུ་ཐོན་ལས་གོང་འཕེལ་ཐད་དུ་དངོས་ཤུགས་བཏོན་ནས། “ལྔའི་བཅུ་བཞི”འགོ་བཟང་བོ་འཛུགས་དགོས་པར་འགན་སྲུང་བྱ་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།