中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུ་རྫོང་གིས་ནུས་ཤུགས་ཡོད་རྒུས་སྐྱེ་ལྡན་ལུད་ལས་སྣོན་བྱས་པ།
དུས་ཚོད།2021-04-07 18:59:41     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)“གནོད་མེད་ལྔའི་ཀན་ལྷོ”གསར་འཛུགས་བྱེད་འགོ་བརྩམས་པ་ནས་བཟུང་། རྨ་ཆུ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བེད་མེད་དུ་བསྐྱུར་ནས་ཡོད་པའི་རིལ་མ་དང་ལྕི་བ་སྐྱེ་ལྡན་ལུད་དུ་ལས་སྣོན་བྱས་ནས། ཁོར་ཡུག་སྲུང་སྐྱོང་དང་ཡོང་སྒོ་འཕར་བ་གཉིས་ཕན་མཉམ་ཐོབ་བྱུང་།
    རྨ་ཆུ་རྫོང་ལྗང་མདོག་ལུད་རྫས་ལས་སྣོན་ཚད་ཡོད་ཀུང་སི་ནི་ས་གནས་དེ་གའི་འབྲོག་པ་སྒྲོལ་མ་སྐྱབས་ཀྱིས 2017ལོར་གསར་འཛུགས་བྱས་པའི་ལྗང་མདོག་ལུད་ལས་སྣོན་བྱེད་པའི་ཁེ་ལས་ཤིག་ཡིན། མ་བཅོས་རྒྱུ་ཆ་ཚང་མ་ནི་རྨ་ཆུའི་རྩྭ་ཐང་སྟེང་གི་རིལ་མ་ཤ་སྟག་ཡིན། 2020ལོར་རྒྱས་བསྐྲུན་བྱས་པ་བརྒྱུད། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང 30སྣེ་ཁྲིད་དེ་ལས་ཞུགས་བྱས་ཡོད། ལྷག་པར་དུ“གནོད་མེད་ལྔའི་ཀན་ལྷོ”གསར་སྐྲུན་བྱེད་པའི་བྱ་འགུལ་གྱིས་ཀུང་སི་ལ་སྔ་ན་མེད་པའི་གོང་འཕེལ་གྱི་གོ་སྐབས་བསྩལ་ཡོང་། 2020ལོར།   ལུད་རྫས་ཚད་ཡོད་ཀུང་སིས་སྐྱེ་ལྡན་ལུད་ཏུན་ཁྲི 3ཐོན་སྐྱེད་བྱས་པ་དང་རིམ་བསགས་ཀྱིས་བརྩིས་ན་ཐོན་སྐྱེད་རིན་ཐང་སྒོར་ཁྲི 1800ཡོད།
    2020ལོའི་ལོ་མཇུག་ཐུག་བར་དུ། རྨ་ཆུ་རྫོང་གི་ད་ཡོད་ཕྱུགས་གྲངས་ཁྲི 84.03ཡོད་པ་དང་ལོ་ཧྲིལ་བོར་ལྕི་བ་དང་རིལ་མའི་ལུད་བཙོག་ཐོན་ཁུངས་ཧ་ལམ་ཏུན་ཁྲི 565.39ཡོད། མིག་སྔར་རྫོང་ཡོངས་སུ་ལུད་བསྙལ་ར་བ 40ཡོད་པ་དང་།  ལྕི་བ་དང་རིལ་མའི་ལུད་བཙོག་ཐོན་ཁུངས་ཐག་གཅོད་ཁེ་ལས 5ཡོད་པ་དང་། ཁེ་ལས 5ཡིས་ལོ་རེར་སྐྱེ་ལྡན་ལུད་ཏུན་ཁྲི 17ཐོན་སྐྱེད་བྱེད་རྩིས་ཡོད་པ་དང་། 2019ལོར་ལྕི་བ་དང་རིལ་མ་ཏུན་ཁྲི 9.45ཉོ་བསྡུ་བྱས་པ་དང་སྐྱེ་ལྡན་ལུད་ཏུན་ཁྲི 3.655ཕྱིར་འཚོང་བྱས་ཤིང་། ཕྱིར་འཚོང་མ་དངུལ་སྒོར་ཁྲི 3126.2ཡོད། འབྲོག་པའི་ཁྱིམ་ཚང 5000ལྷག་ལ་སྐུལ་ཁྲིད་བྱས་པ་དང་ཁྱིམ་ཚང་རེར་ཆ་སྙོམས་སུ་ཡོང་སྒོ་སྒོར 1800མངོན་འགྱུར་བྱུང་བ་དང་། འབྲོག་སྡེའི་བདེ་སྡོད་ལས་བརྩོན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།