中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཐེ་བོ་རྫོང་གིས་དམར་དམག་ས་ཚིགས་བསྐྲུན་ནས་གསར་བརྗེའི“སྐོར་སྐྱོད་ སློབ་གྲྭ”ལ་སྐུལ་འདེད་བཏང་བ།
དུས་ཚོད།2021-06-02 15:17:13     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    \
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཐེ་བོ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བསམ་བློ་གོ་རྟོགས་བསྐྱེད་པ། བྱ་བ་དངོས་སྒྲུབ་པ། བྱ་བ་གསར་བ་སྒྲུབ་པ”བཅས་ཀྱི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཤིང་། ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ“ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་དུ་བསྟར་ནས་ངས་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་དགོས”ཞེས་པ་དོན་ལ་འབབ་སར་བྱས་ནས། དམར་དམག་གི་ས་ཚིགས་དེ་ཞིབ་འཇུག་སློབ་སྦྱོང་དང་མྱོང་ཚོར། མཛེས་ལྗོངས་ལྟ་ས། ཞབས་ཞུ། སྤྲོ་གསེང་། རོལ་རྩེད་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུར་ཤུགས་བསྣན།
    དམར་དམག་ས་ཚིགས་ཀྱི་ཞིབ་འཇུག་སློབ་སྦྱོང་གི་ཉམས་ལེན་ནུས་པ་འདོན་སྤེལ་བྱས་ཏེ་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་། “གསར་བརྗེའི་ཁུར་མོང་བའི”དང་བླངས་སྒྲོག་འགྲེལ་རུ་ཁག་གི་ཁོངས་མིས་དྲིལ་བསྒྲགས་བྱས་པ་བརྒྱུད་དེ “སློབ་སྦྱོང་བྱེད་མཁན”ཚོར་ཞིབ་འཇུག་སློབ་སྦྱོང་ཁྲོད་གསར་བརྗེའི་སྔོན་བྱོན་དཔའ་བོའི་དཀའ་ཚེགས་དང་བློ་བརྟན་འགྱུར་མེད། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མྱོང་ཚོར་ཐོབ་ཏུ་བཅུག།
    ནུས་ཤུགས་ཡོད་རྒུས་གསར་བརྗེའི་ས་ཚིགས་ཀྱི་ཞབས་ཞུའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དཔལ་འབྱོར་གྱི་རིན་ཐང་མངོན་པར་བྱས་པ། གསར་བརྗེའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས། དམར་དམག་ས་ཚིགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས “ཞིང་བའི་སྤྲོ་སྐྱིད་ཁང”དང“བོད་ཁྱིམ་སྤྲོ་སྐྱིད་ཁང”“ནགས་ཁུལ་སྤྲོ་སྐྱིད་ཁང”སོགས་གཙོ་བོར་བྱས་པའི་ཞབས་ཞུའི་ཐོན་ལས་ཁག་གཅིག་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། སྤྲོ་གསེང་དངརོལ་རྩེད། ཉོ་སྒྲུབ་བཅས་གཙོ་བོར་བྱས་པའི་ཐོན་ལས་གཞོན་པ་ཁག་གཅིག་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་བཏང་ཞིང་། ཡུལ་སྐོར”གྱི་མི་རྣམས་ལ་གསར་བརྗེའི་རྒྱང་སྐྱོད་སྙིང་སྟོབས་མྱོང་རོལ་དང་ཡུལ་ལྗོངས་མྱོང་རོལ་ཐུབ་པ་བྱས་པ་དང་ཆབས་ཅིག དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་གི་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།