中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༅།། ཀླུ་ཆུ་རྫོང་གིས“ཉུང་གཏོང་གསུམ་དང་མཐོར་འདེགས་གསུམ” ལ་བརྟེན་ནས་གཞི་རིམ་གྱི་ཁུར་བོ་ཡང་དུ་བཏང་བ།
དུས་ཚོད།2021-06-02 15:21:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་འགའི་རིང་དུ། ཀླུ་ཆུ་རྫོང་གིས་ཚན་རིག་དང་མཐུན་པའི་ཇུས་འགོད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ་དམ་འཛིན་ནན་མོ་བྱས་ཏེ། གྲངས་འབོར་ཉུང་དུ་བཏང་ནས་སྤུས་ཚད་མཐོ་རུ་གཏོང་བ་དང་། ཕྱི་ཚུལ་རྣམ་པ་ཉུང་དུ་བཏང་ནས་ཕན་འབྲས་མཐོ་རུ་གཏོང་བ། གནོན་ཤུགས་ཆུང་དུ་བཏང་ནས་ནུས་པ་མཐོ་རུ་གཏོང་བ་བཅས་ལ་ཤུགས་བསྣན་ནས་ཁྱོན་ཡོངས་ནས་ཕྱི་ཚུལ་རིང་ལུགས་སྒྲིག་བཅོས་བྱས་པས། གཞི་རིམ་གྱི་ཁུར་བོ་ཡང་དུ་བཏང་ཞིང་ལས་བྱེད་པ་རྣམས་ཀྱིས་བྱ་བ་ཏན་ཏིག་སྒོས་སྒྲུབ་པར་སྐུལ་མ་བཏང་།
    གྲངས་འབོར་ཉུང་དུ་བཏང་ནས་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ནས་ཡིག་ཆ་ཞིབ་ཚགས་ཡིན་པ་དང་ཚོགས་འདུ་ཉུང་དུ་གཏོང་བ་དོན་འཁྱོལ་བྱས་པ། ཡིག་ཆ་འབྲི་བའི་གོ་རིམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཡིག་ཆའི་གྲངས་འབོར་ཚོད་འཛིན་བྱེད་པ། ཡིག་ཆའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྩོམ་སྲོལ་དང་ཚོགས་སྲོལ་ལེགས་བཅོས་ཏན་ཏིག་བྱས་ཤིང་། སྐད་འཕྲིན་གྱི་ཚོགས་པ་དང QQཡི་ཚོགས་པ་སོགས་སྨྱན་སྦྱོར་གསར་བའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་གསང་དོན་དང་འབྲེལ་བ་མེད་པའི་ཚོགས་འདུའི་དགོངས་དོན་དང་བརྡ་ཁྱབ་སྣ་ཚོགས་སོགས་བྱ་བའི་ཆ་འཕྲིན་གྱི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་ལས་སྟེགས་སམ་ཡང་ན་བྱ་བའི་ཚོགས་པའི་ནང་དུ་བརྒྱུད་སྐུར་བྱས་པ་དང་། དུས་མཚུངས་སུ་གྲོས་ཚོགས་ཀྱི་འགོ་ཁྲིད་ཀྱི་གསུང་བཤད་དང་ཚོགས་ཐོག་གི་གཏམ་བཤད་ཀྱི་དུས་ཚོད་ལ་ཚད་བཀག་གསལ་བོ་བཟོས་ཤིང་། ཡིག་ཆ་དང་ཚོགས་འདུའི་ཁ་གྲངས་ཁྱོན་ཡོངས་ནས་ཉུང་དུ་བཏང་སྟེ། གཞི་རིམ་ལ་དོན་འཁྱོལ་དམ་འཛིན་བྱེད་པའི་དུས་ཚོད་འདང་ངེས་ཤིག་བཞག་པ་རེད།
    ཕྱི་ཚུལ་རྣམ་པའི་བྱ་བསྒྲུབ་པ་ཉུང་དུ་བཏང་ནས་ཕན་འབྲས་མཐོ་རུ་གཏོང་བར་དམིགས་ནས་ལྟ་ཞིབ་དང་རྟོག་ཞིབ་ཏན་ཏིག་བྱས་པ། སྤྱི་འབོར་ལ་ཚོད་འཛིན་ནན་མོ་བྱས་པ་དང་གྲུབ་འབྲས་དངོས་ལ་དོ་སྣང་ཆེན་པོ་བྱས་ཏེ། གཞི་རིམ་ལ་སེམས་ཤུགས་གཅིག་བསྡུས་ཀྱིས་བྱ་བ་སྒྲུབ་ཏུ་བཅུག་ཅིང་། ལྟ་སྐུལ་བྱེད་སྟངས་ལེགས་བཅོས་བྱས་པ་དང་། ལས་འགན་གཙོ་བོ་དོན་འཁྱོལ་བྱས་ཚུལ་ལ་དམ་པོར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱ་བ་ཚད་ལྡན་དུ་བཏང་། ལྟ་སྐུལ་ཞིབ་བཤེར་ཁྲོད་དུ་མང་ཚོགས་ཀྱི་རེ་ཞུ་ལ་ཉན་པར་དོ་སྣང་ཆེན་པོ་བྱས་ནས་བདེན་པ་བདེན་གྲུབ་ཀྱི་དཔྱད་གཞིའི་ཡིག་ཆ་དངོས་ཁོང་དུ་ཆུད་པ་བྱས་ཏེ། གཞི་རིམ་ལས་བྱེད་པ་རྣམས་དཔྱད་གཞིའི་ཡིག་ཆ་མང་བོ་གྲ་སྒྲིག་བྱེད་པའི་བྲེལ་འཚུབ་ཆེ་བའི་བྱ་བ་ལས་ཐར་དུ་བཅུག་ནས་གཞི་རིམ་གྱི་ཁུར་བོ་རྒྱུན་ཆད་མེད་པར་ཇེ་ཡང་དུ་བཏང་།
    གནོན་ཤུགས་ཉུང་དུ་བཏང་ནས་ནུས་པ་མཐོ་རུ་གཏོང་བར་དམིགས་ནས་སྐུལ་སློང་གི་ལམ་སྲོལ་འཐུས་ཚང་དུ་བཏང་བ། འགན་འཁྲི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་དུས་མཚུངས་སུ་གསར་གཏོད་ལ་བསྔགས་སྐུལ་དང་ནོར་འཁྲུལ་ལ་བཟོད་སྒོམ་བྱས་ཏེ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྲུང་སྐྱོང་ཏན་ཏིག་བྱས་ཤིང་། སྐུལ་སློང་གི་ལམ་སྲོལ་ལ་ཤུགས་བསྣན་ནསཀླུ་ཆུ་རྫོང་གིས་བཅོས་སྒྱུར་གསར་གཏོད་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་མ་གཏོང་བའི་ནོར་འཁྲུལ་བཟོད་སྒོམ་དང་ཡོ་བསྲང་གི་ལག་བསྟར་ཞིབ་སྲོལ(ཚོད་ལྟ)གཏན་འབེབས་བྱས་ཏེ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་དང་སྲུང་སྐྱོང་བྱས། གླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་གཏོང་བའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་སྟེ། བྱ་བར་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་བཟོ་བས་གླ་ཕོགས་བླངས་ནས་གུང་གསེང་གཏོང་རྒྱུ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པས། ལས་བྱེད་པ་དང་ལས་བཟོ་བའི་གཞི་རྩའི་ངལ་གསོའི་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཤིང་། ལས་བྱེད་པ་དང་ལས་བཟོ་བ་རྣམས་ལས་གནས་ལ་དགའ་ཞིང་ལས་ལ་བརྩོན་པ་དང་། ནུས་པ་མཐོ་རུ་གཏོང་བར་ཁྲིད་སྟོན་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།