中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཐེ་བོ་རྫོང་གིས་བྲག་སྒམ་ནང་མཛེས་ལྗོངས་ཁུལ་ཕྱོགས་བསྡུས་སྒྲིག་བཅོས་བྱས་པ།
དུས་ཚོད།2021-06-02 15:23:36     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཐེ་བོ་རྫོང་གིས་བྲག་སྒམ་ནང་མཛེས་ལྗོངས་ཁུལ་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས་ཏེ། བྲག་སྒམ་ནང་མཛེས་ལྗོངས་ཁུལ་དུ་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་ནས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཞིང་། ཁོངས་ཡོངས་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན་འགྱུར་བྱུང་།
    ཐེ་བོ་རྫོང་བྲག་སྒམ་ནང་མཛེས་ལྗོངས་ཁུལ་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། དེའི་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་ཚན་ཆུང་དང་། བྱ་བའི་ཆེད་འགན་འཁུར་བའི་ཚན་ཆུང་བཞི། ལྟ་སྐུལ་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཅས་བཙུགས་ཡོད་ལ། ཕྱོགས་བསྡུས་མཐུན་སྦྱོར་ཚན་ཆུང་གིས་བྲག་སྒམ་ནང་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་རྩ་འཛུགས་དང་མཐུན་སྦྱོར། བཀོད་གཏོང་དང་སྐུལ་འདེད་བཅས་ཀྱི་འགན་ཁུར་བ་དང་། བྱ་བའི་ཆེད་དོན་འགན་འཁྲི་ཚན་ཆུང་བཞིས་བྲག་སྒམ་ནང་གདོང་བ་སྡེ་བ་དང་། ཉག་རི་སྡེ་བ། སྟག་རུ་སྡེ་བ། བཙན་པ་སྡེ་བ་བཅས་སུ་འགན་ལེན་སྡེ་བ་དང་འགན་ལེན་ཁྱིམ་ཚང་དུ་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་བྱ་བ་སྤེལ། ལྟ་སྐུལ་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བྲག་སྒམ་ནང་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་སྒྲིག་བཅོས་བྱ་བ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁུར་ནས། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་དམར་འདོན་བྱས་ནས་བརྡ་ཁྱབ་བཏང་བ་དང་དུས་བཅད་ནང་དག་ཐེར་བྱ་རྒྱུའི་བཀའ་བཏང་བ་རེད།
    འགན་འཁུར་མཁན་སྡེ་ཚན་ཁག་གིས་མཛེས་ལྗོངས་ཁུལ་དུ་གང་འདོད་དུ་འཛུགས་སྐྲུན་བྱས་པ་དང་གང་འདོད་དུ་དངོས་པོ་སྤུང་གསོག་བྱས་པ་སོགས་མངོན་གསལ་དོད་པའི་གནད་དོན་གྱི་གནས་ཚུལ་ལ་གྲལ་བཤེར་བྱས་ཏེ། ཁྱིམ་ཚང་རེ་ལ་ཡིག་ཚགས་རེ་བསྐྲུན་ནས་ཁྱིམ་བདག་གིས་མིང་རྟགས་བཀོད་ནས་ཁས་ལེན་བྱེད་དུ་བཅུག “ཁྱིམ་གཅིག་ཇུས་གཅིག”དང“སྡེ་གཅིག་ཇུས་གཅིག”གཏན་འབེབས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་བདེ་བླག་ངང་འཕེལ་རྒྱས་གཏོང་བའི་ཕྱི་ནང་གི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་བཏང་སྟེ། རྫོང་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་བདེ་བླག་དང་མགྱོགས་མྱུར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། དོ་དམ་གྱིས་མི་འདང་བ། ཐོན་རྫས་ཉུང་བ་སོགས་ཀྱི་གནད་དོན་དང་ལྷག་པར་དུ་མཛེས་ལྗོངས་ཁུལ་གྱི་དོ་དམ་ཚད་ལྡན་མིན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་འཐུས་ཚང་མིན་པ། མཛེས་ལྗོངས་ཁུལ་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་མེད་པ། གང་འདོད་དུ་འཛུགས་སྐྲུན་བྱས་པ་དང་དངོས་པོ་སྤུང་གསོག་བྱས་པ་བཅས་ཀྱི་སྣང་ཚུལ་གཙོ་གནད་ཐོག་སྒྲིག་བཅོས་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།