中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསང་ཆུ་རྫོང་གི་ཟླ 1པ་ནས་ཟླ 5བའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ངང་ལེགས་སུ་ཕྱིན་པ།
དུས་ཚོད།2021-06-02 15:25:44     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། གསར་འགོད་པས་བསང་ཆུ་རྫོང་གི 2021ལོའི་ཟླ 1པ་ནས་ཟླ 5བའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་བཀོད་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་བོ་ནས་བཟུང་རྫོང་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། “འགོ་བརྩམས་མ་ཐག་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི”བརྩོན་སེམས་དང་ངར་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་བཏང་བ་དང་། བྱ་བ་དོན་འཁྱོལ་བྱེད་པར་ཤུགས་བསྣན་པས། དམིགས་འབེན་བྱ་བ་ཁག་ལེགས་གྲུབ་བྱུང་བའི་གནས་ཚུལ་ཅུང་ལེགས་པ་རེད།
    ལོ་སྟོད་དུ། བསང་ཆུ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར 5.2ཟིན་པ་དང་། དུས་མཚུངས་ལས 8.6%འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར 1.27ཟིན་པ་དང་། དུས་མཚུངས་ལས 27.1%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར 4615.93ཟིན་པ་དང་། དུས་མཚུངས་ལས 8.4%འཕར་བ། རོང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར 2226.42ཟིན་པ་དང་། དུས་མཚུངས་ལས 13.82%འཕར་ཡོད། ཟླ 4བའི་ཟླ་མཇུག་བར་དུ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར 1.91བཏང་ནས་ལོའི་འཆར་གཞིའི 7.25%ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས 45.8%འཕར་ཡོད། དུས་ཚིགས་དང་བོར། བསང་ཆུ་རྫོང་གི་ཕྱོགས་བསྡུས་དཔལ་འབྱོར་འཁོར་རྒྱུག་དེ་ཁུལ་ཡོངས་ཀྱི་མདུན་གྲལ་དུ་གནས་པ་དང་བརྟན་པོའི་ངང་ལེགས་སུ་ཕྱིན་པ་རེད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།