中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁོར་ཡུག་སྲུང་སྐྱོང་གི་འཁེལ་མེད་རས་ཀྱི་ཐོན་སྐྱེད་ལས་གཞི་ཐོག་མ་གཙོས་གྲོང་ཁྱེར་དུ་ཐོན་པ།
དུས་ཚོད།2021-06-04 18:51:18     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཀན་སུའུ་ཀྲུང་ཁྲིན་ཡུན་ཁའོ་ཤོག་བཟོས་ཐོན་རྫས་ཚད་ཡོད་ཀུང་སུའི་ཁོར་ཡུག་སྲུང་སྐྱོང་གི་འཁེལ་མེད་རས་ཀྱི་ཐོན་སྐྱེད་ལས་གཞི་གཙོས་གྲོང་ཁྱེར་དུ་ཐོན་ནས། གཙོས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་ཐོན་རྫས་ཐོན་སྐྱེད་བྱེད་པའི་སྟོང་ཆ་བསྐོང་བ་རེད།
    གཙོས་གྲོང་ཁྱེར་གྱི་ཐོན་ལས་འདུས་ཁུལ་གྱི་འཁོར་ཁང་ནང་དུ། འཕྲུལ་འཁོར་གྱི་ལྡུར་སྒྲས་ཁེངས་ཞིང་། བཟོ་བ་རྣམས་ཀྱིས་སྒྲིག་ཆས་ལེགས་སྒྲིག་བྱེད་པར་བྲེལ་བས། ཐོན་སྐྱེད་བྱེད་འགོ་མ་བཙུགས་གོང་གི་གྲ་སྒྲིག་བྱ་བ་ཁག་སྒྲུབ་བཞིན་འདུག  ལས་གཞི་དེར་སྤྱིའི་མ་དངུལ་སྒོར་ཁྲི 500བཏང་བ་དང་། གཙོ་བོ་ཁོར་ཡུག་སྲུང་སྐྱོང་གི་འཁེལ་མེད་རས་ཁུག་དང་ཁོར་ཡུག་སྲུང་སྐྱོང་གི་ཤོག་ཕོར་སོགས་ཐོན་སྐྱེད་བྱེད་པ། ཐོན་སྐྱེད་དངོས་སུ་བྱེད་འགོ་བརྩམས་རྗེས། ཉིན་རེར་ཁོར་ཡུག་སྲུང་སྐྱོང་གི་ལག་ཁུག་ཁྲི 8ལྷག་དང་ཁོར་ཡུག་སྲུང་སྐྱོང་གི་ཤོག་ཕོར་ཁྲི 4ལྷག  ཁོར་ཡུག་སྲུང་སྐྱོང་གི་ཤོག་སྣོད་ཁྲི 3ལྷག་ཐོན་སྐྱེད་བྱེད་རྩིས་ཡོད། དེས“གནོད་མེད་ལྔ་ཡི་ཀན་ལྷོ”གསར་སྐྲུན་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ལས་ཞུགས་ཀྱི་ལས་གནས་དེ་བས་མང་བོ་ཞིག་འདོན་སྤྲོད་བྱས་ནས། མཐའ་འཁོར་གྱི་མང་ཚོགས་ཀྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་ཐུབ།
    ལས་གཞིའི་དུས་འགོར། གཙོས་གྲོང་ཁྱེར་མ་འཇོག་དང་མཉམ་ལས་སྤེལ་རེས་ཅུས་ཀྱིས་ཆེད་མི་མངགས་ཏེ་རྟོག་ཞིབ་དང་སྦྲེལ་མཐུད་བྱས་རྗེས། ཀན་སུའུ་ཀྲུང་ཁྲིན་ཡུན་ཁའོ་ཤོག་བཟོས་ཐོན་རྫས་ཚད་ཡོད་ཀུང་སུའི་ཁོར་ཡུག་སྲུང་སྐྱོང་གི་འཁེལ་མེད་ལག་ཁུག་ཐོན་སྐྱེད་ལས་སྣོན་ལས་གཞི་ནང་འདྲེན་བྱས་པ་མ་ཟད། ཁེ་ལས་ལ་རིན་མེད་སྒོས་བཟོ་ཁང་གི་གནད་དོན་ཐག་གཅོད་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།