中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་སྤྱི་ཚོགས་འགན་སྲུང་གི་སྒྲོག་འགྲེལ་ཤང་གྲོང་དུ་སྐྱོད་པའི་བྱ་འགུལ་སྤེལ་བ།
དུས་ཚོད།2021-06-08 10:37:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། གཙོས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དོན་དངོས་སྒྲུབ་པ”ཞེས་པའི་ཁོངས་མིས་དོ་དམ་ཡན་ལག་ཅུས་དང་ཤང་གྲོང་གི་སྤྱི་ཚོགས་འགན་སྲུང་མི་སྣ་དང་མཉམ་འབྲེལ་བྱས་ནས། ཤང་གྲོང་དང་སྡེ་བར་ཟབ་ཞུགས་བྱས་ཏེ་ཡུལ་དངོས་ནས་མཁར་གྲོང་གི“ཉེན་ཁ་གཉིས”ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ།
    དྲིལ་བསྒྲགས་མི་སྣས་ཡུལ་དངོས་ནས་སྲིད་ཇུས་འགྲེལ་བཤད་བྱས་པ། མང་ཚོགས་ལ་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ། དམངས་ཕན་སྲིད་ཇུས་འགྲེལ་བཤད་བྱས་ཤིང་། ངང་རྒྱུད་རིང་བོའི་སྒོ་ནས་མང་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་སྲིད་ཇུས་ཐད་ཀྱི་བཅར་འདྲི་དང་ལེན་བྱས་པ་མ་ཟད། མང་ཚོགས་ཧུར་ཐག་གིས་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་པར་སྐུལ་མ་བཏང་།
    མཛོ་དགེ་སྨད་མ་གྲོང་རྡལ་ཁེས་དམར་སྡེ་བའི་སྡེ་དམངས་སྒྲོལ་མ་སྐྱིད་ཀྱིས་དྲིལ་བསྒྲགས་མི་སྣར་བཤད་རྒྱུར། “རྒྱལ་ཁབ་ཀྱི་སྲིད་ཇུས་ངོ་མ་ཡག་པོ་རེད། ང་ཚོའི་ཁྱིམ་མི་སྨན་ཁང་དུ་སྨན་བཅོས་བྱས་པའི་འགྲོ་སོང་རྒྱལ་ཁབ་ཀྱིས་རྩིས་ཞུ་བྱས་རྗེས། ང་ཚོའི་འགྲོ་སོང་མང་བོ་གྲོན་ཆུང་བྱས་ཡོད། ད་སྐབས་ང་རང་ལོ་དྲུག་བཅུ་ལྷག་ཡིན་པས། ལོ་རེར་ད་དུང་རྒན་གསོའི་མ་དངུལ་སྒོར་སྟོང་ལྷག་ཐོབ་པ་ཡིན་ལ། ངས་ཕར་སྤྲོད་རྒྱུ་ཉུང་རུང་ཚུར་ཐོབ་རྒྱུ་མང་བས། དེ་དག་ཚང་མ་རྒྱལ་ཁབ་ཀྱི་བཀའ་དྲིན་རེད”།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།