中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ།
དུས་ཚོད།2021-06-09 15:10:05     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 གནོད་མེད་ལྔའི་ཀན་ལྷོ” འཛུགས་སྐྲུན་བྱ་བའི་ཁྲོད།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཁུལ་ཡོངས་སུ“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་བ་ནས་བཟུང་སྟེ། རྨ་ཆུ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་ཉིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ནན་ཏན་བྱས་པ་དང་། སྤྱི་ཡོངས་ཀྱི་བླང་བྱ་དང་གཞི་རྩའི་རྩ་དོན། ཞིབ་ཕྲའི་དམིགས་འབེན། ལས་འགན་གཙོ་བོ་བཅས་ཡང་དག་སྒོས་ཁོང་དུ་ཆུད་པ་བྱས་ཤིང་། སྟོབས་ཤུགས་དང་སེམས་ཤུགས་ཡོད་ཚད“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་ཐད་ཕྱོགས་པ་རྒྱུན་འཁྱོངས་བྱས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་བར་བསྐྱོད།
    རང་འགན་གཙང་སྒྲུབ་བྱེད་པ་དམ་འཛིན་བྱས་ནས་འཛུགས་སྐྲུན་སྟོབས་ཤུགས་གཅིག་ཏུ་བསྡུས་པ། “གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱ་བའི་དམིགས་འབེན་དང་ལས་འགན་ལ་དམིགས་ཏེ། ཁོངས་ཡོངས་སུ་གད་སྙིགས་ཀྱི་གནོད་པ་མེད་པ་དམ་འཛིན་ནན་མོ་བྱས་ནས“ཁོར་ཡུག་གསར་བརྗེའི”གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་། ཁོངས་ཡོངས་སུ་རྫས་ལུད་ཀྱི་གནོད་པ་མེད་པ་དམ་འཛིན་ནན་མོ་བྱས་ནས་རྫོང་ཞིང་ལས་དང་ཞིང་སྡེ་སྡེ་ཁག་གིས་སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས་ལ་རྒྱུ་ཆ་ཉོ་སྒྲུབ་དང་། ཐོན་སྐྱེད་ལས་སྣོན། གཉེར་སྐྱོང་ཕྱིར་འཚོང་བཅས་ཀྱི་ཐད་རྒྱབ་སྐྱོར་བྱས་པ་དང་། རྫོང་ཡོངས་སུ་ལུད་རྫས་སྤུང་གསོག་ར་བ 40བསྐྲུན་པ་དང་བཙོག་འབུད་གཙང་སེལ་ཁེ་ལས 5བཙུགས་ལ། ལུག་གི་རིལ་མ་དང་ཟོག་གི་ལྕི་བ་ཏུན་ཁྲི 9.45ཉོ་སྒྲུབ་བྱས་ནས་སྐྱེ་ལྡན་ལུད་ཏུན་ཁྲི 3.66ལས་སྣོན་བྱས་ནས་ཕྱིར་འཚོང་བྱས། ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པ་དམ་འཛིན་ནན་མོ་བྱས་ནས་རྫོང་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྨ་ཆུ་རྫོང་གིས 2001ལོ་ནས་བཟུང་ཕྱོགས་ཡོངས་ནས་འགྱིག་ཤོག་གཏན་འགོག་ལག་བསྟར་བྱས་པའི་དོན་དངོས་ལ་དམིགས་ཏེ། རིམ་བསགས་ཀྱིས་བརྩིས་ན“ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པའི”དྲིལ་བསྒྲགས་ཡིག་ཆ་སྣ་ཚོགས་ཚར 3200ལྷག་བཀྲམས་པ་དང་། བཀོལ་ཐེངས་གཅིག་ཅན་གྱི་འགྱིག་ཤོག་གི་དཀར་ཡོལ་དང་ཐུར་མ། ཐུམ་ཤོག་སོགས་འགྱིག་ཤོག་ཐོན་རྫས་སྤྱི་རྒྱ 20ལྷག་གཞུང་བཞེས་བཏང་ནས་བེད་སྤྱོད་དང་ཕྱིར་འཚོང་བྱེད་པ་གཏན་འགོག་བྱས། ཁོངས་ཡོངས་སུ་སྦགས་བཙོག་གི་གནོད་པ་མེད་པ་དམ་འཛིན་ནན་མོ་བྱས་ནས་རྫོང་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཁོར་ཡུག་ཐད་ཀྱི་ཁྲིམས་འཛིན་ལྟ་ཞིབ་བྱ་བ་ནན་ཏན་སྒོས་སྤེལ་ཏེ། ཚད་གཞི་དང་མཐུན་པའི་སྒོ་ནས་བཙོག་དངོས་ཕྱིར་གཏོང་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་ཆས་སྣ་ཚོགས་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་དང་བཙོག་དངོས་ཕྱིར་གཏོང་བྱེད་པ་ཚད་གཞི་དང་མཐུན་པའི་འགན་ལེན་བྱས། ཁོངས་ཡོངས་སུ་སྤྱི་བའི་གནོད་པ་མེད་པ་དམ་འཛིན་ནན་མོ་བྱས་ནས་རྫོང་བཟོ་འཕྲིན་སོགས་སྡེ་ཁག་གིས“རྨ་ཆུའི་ནོར་གནག”དང“རྨ་ཆུའི་དངུལ་རྭའི་ལུག”སོགས་རྫོང་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན་ཏེ། སྤུས་ཞན་གྱི་ཤ་དང་ས་ཕྱོགས་གཞན་གྱི་ནོར་ལུག་གི་ཤ་དེ་རྨ་ཆུའི་ནོར་ལུག་གི་ཤ་ལ་བརྫུས་ནས་ཚོང་གཉེར་བྱེད་པའི་བྱ་སྤྱོད་རྡུང་རྡེག་ནན་མོ་བཏང་ནས་རྨ་ཆུའི་རྫོང་ཁོངས་སུ་སྤྱི་བའི་གནོད་པ་མེད་པའི་བྱ་བ་ཏན་ཏིག་སྒོས་སྤེལ།
   དཔེ་སྟོན་སྣེ་ཁྲིད་བྱེད་པ་དམ་འཛིན་ནན་མོ་བྱས་ནས་འཛུགས་སྐྲུན་གྱི་རྣམ་པ་བཟང་བོ་བཏོད་པ། རྫོང་ཨུ་རྩ་འཛུགས་པུའུ་ཡིས“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པའི་བྱ་བ་དེ་འབྲོག་སྡེའི་ཏང་ཡོན་གྱི་དགུན་དུས་གསོ་སྦྱོང་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་བཅས་ཀྱི་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་དུ་བརྩིས་ཤིང་། རྨུར་བྱེ་ཤང་ཏང་ཨུས་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི“རྨུར་བྱེ་ཤང་རྩྭ་ཐང་གི་ཆུ་བོ་སྐོར་ཞིབ་རུ་ཁག”བཙུགས་ནས་ཆུ་བོ་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཆུ་ཁ་མ་གྲོང་རྡལ་ཏང་ཨུས་བུད་མེད་ཀྱི་རྩྭ་ཐང་རྟ་ཐོག་དྲིལ་བསྒྲགས་རུ་ཁག་རྩ་འཛུགས་བྱས་ནས་འབྲོག་ཁྱིམ་གྱི་སྦྲ་གུར་རེ་རེའི་ནང་དུ་སོང་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་ཞིང་། དངུལ་རྭ་གྲོང་རྡལ་ཏང་ཨུས“མ་ཡུམ་གཙང་བོ་སྲུང་སྐྱོང་བྱས་ནས‘གནོད་མེད་ལྔའི་ཀན་ལྷོ’འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི”ཏང་ཡོན་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་རུ་ཁག་བཙུགས་ཏེ། རྨ་ཆུའི་འགྲམ་ངོགས་སུ་སྤྱི་ལེ 433ལ་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱི་བྱ་འགུལ་སྤེལ། ཤང་དང་གྲོང་རྡལ་སོ་སོས་འབྲོག་ཁྱིམ་གྱི་ཁོར་ཡུག་གཙང་སྦྲའི“ཞིབ་བཤེར་ལྔ་དང་དཔྱད་བསྡུར་གཅིག”གི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་ནས་འབྲོག་པ་མང་ཚོགས་ལ་ཡ་རབས་དང་སྐྱོན་བྲལ། ལྗང་མདོག ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བའི་གོམས་གཤིས་ལེགས་པོ་ཆགས་སུ་བཅུག།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།