中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུ་རྫོང་གིས་ཤང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་ཐད་དུ་ཡང་བསྐྱར་ཤུགས་བཏོན་པ།
དུས་ཚོད།2021-06-11 17:36:26     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ད་ལོ་ནས་བཟུང་། རྨ་ཆུ་རྫོང་གིས་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལམ་ཐིག་སོ་སོ་དང་། ཤང་གྲོང་གི་ཁོར་ཡུག་སྒྱུར་བཀོད་རིམ་སྤར་བྱ་བ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། དུས་ཆེན་གལ་ཆེན་སྤེལ་ཆེད་གཙང་དག་ཚད་ལྡན་གྱི་ཁོར་ཡུག་ལེགས་པོ་སྐྲུན་པར་བརྩོན།
    རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་སྣེ་ཁྲིད་དེ། རྨ་ཆུའི་ཟམ་ཆེན་གྱི་ལྗོངས་གཟིགས་སྟེགས་བུ་དང་རྫོང་མཁར་གྱི་སྲང་ལམ་གཙོ་བོ་སོགས་སུ་ཟབ་ཞུགས་བྱས་ནས། ལྟ་ཞོར་དུ་ཞིབ་འཇུག་དང་། གྲོས་ཞོར་དུ་བཀོད་སྒྲིག་བྱེད་པའི་བྱ་ཐབས་སྤྱད་དེ། གཞུང་ལམ་འགྲམ་རྒྱུད་ཀྱི་འབྲོག་པའི་ཟོག་ཁང་དང་ཡུལ་སྐོར་གཙང་སྤྱོད་ཁང་སོགས་གནས་གལ་ཆེན་གྱི་ཚད་ལྡན་སྒྲིག་བཅོས་དང་བསྒྱུར་བཀོད་རིམ་སྤར་བྱ་བར་དམིགས་ཏེ། ཚན་རིག་གི་སྐུལ་འདེད་འཆར་གཞི་གཏན་འབེབས་བྱས་ཞིང་། རེ་རེ་བཞིན་ལས་འགན་གསལ་ཐོ་བཀོད་ནས། ལས་དོན་ཁག་དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དུ་བཅུག། རྫོང་ཡོངས་ཀྱི་ཤང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་རིམ་སྤར་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས་ནས། དེང་ཕྱིན་གྱི་དུས་སྐབས་ངེས་ཅན་ཞིག་གི་རིང་ལ་རྫོང་ཡོངས་ཀྱི་ཤང་གྲོང་གི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་སྒྲིག་བཅོས་བྱ་བ་བཀོད་སྒྲིག་ཞིབ་ཚགས་བྱས། ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་མཛེས་ལྗོངས་ཁུལ་སོ་སོ་ཐེག་གཟུགས་བྱས་ཏེ། ཚད་གཞི་དང་སྤུས་ཚད་མཐོ་ལ། མི་གཤིས་ཅན་གྱི་རིམ་སྤར་སྒྱུར་བཀོད་རྒྱུན་འཁྱོངས་བྱས་ནས། དེང་རབས་འབྲོག་པའི་ཁྱད་ཆོས་འབུར་ཐོན་གྱི་གནས་སུ་བཞག་ནས། རྒྱ་ཆེའི་ཡུལ་སྐོར་བར“འགྲོ་འདུག་སྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”གཅིག་ཏུ་འདུ་བའི་ཕྱོགས་ཡོངས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།