中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འབྲུག་ཆུ་རྫོང་གི་མུའུ་ཁྲི་ཡི་སྐྱེ་ལྡན་ཞོག་ཁོག་ལ་ལོ་ལེགས་བྱུང་བ།
དུས་ཚོད།2021-06-11 17:42:30     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)མིག་སྔར་ནི་ཞོག་ཁོག་བསྡུ་བའི་དུས་ཚིགས་ཡིན་པས། འབྲུག་ཆུ་རྫོང་ཧྥུན་ཏས་གྲོང་རྡལ་ཁྲིན་ཝའེ་སྡེ་བའི་ཞིང་ཁར་ཞིང་བ་རྣམས་ཀྱིས་ཞོག་ཁོག་བསྡུ་བའི་བྲེལ་འཚུབ་ཀྱིས་ཁེངས་པའི་རྣམ་པ་ཞིག་ཆགས་འདུག
    “ད་ལོ་ངས་ཞོག་ཁོག་རིགས་གསར་བ་བཏབ་ཅིང་། ཞིང་ཁར་ཞིང་ཁྱིམ་སྐྱེ་ལྡན་ལུད་རྫས་གཏོར་བས། སྐྱེ་ཚུལ་ཧ་ཅང་ལེགས་པོ་འདུག  ལག་རྩལ་བས་ང་ལ་ཚོད་དཔག་བྱས་ནས་མུའུ་རེར་ཞོག་ཁོག་སྤྱི་རྒྱ 2000ཡན་ཐོན་ཐུབ་ཟེར”ཞེས་ཞིང་བ་དབྱང་མ་ཞའོ་ཡིས་བཤད།
    འབྲུག་ཆུ་རྫོང་ས་བོན་ས་ཚིགས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་བ་ལི་ཅན་ཕིང་གིས་མཚམས་སྦྱོར་བྱེད་པ་ལྟར། ད་ལོ་ལག་རྩལ་མི་སྣའི་འོས་སྦྱོར་དང་མཛུབ་སྟོན་འོག  མང་ཚོགས་ཀྱིས་ཞོག་ཁོག་རིགས་གསར་བ་བཏབ་པ་དང་། ཞིང་བའི་ལུད་རྫས་དང་སྐྱེ་ལྡན་ལུད་རྫས་བཀོལ་སྤྱོད་བྱས། གནོད་འབུའི་འགོག་བཅོས་ཕྱོགས་ནས་ཞིང་ལས་ཕྱོགས་བསྡུས་འགོག་བཅོས་བྱ་ཐབས་སྤྱད་པའི་ཐོག་ཏུ། སྐྱེ་འཚར་གྱི་དུས་མཇུག་ཏུ་ཆར་བ་འབབ་ཚད་མཐོ་བས། དྲོད་ཚད་དམའ་ན་གནོད་འབུའི་གནོད་འཚེ་མི་བྱེད་པར་ཕན་པས། ད་ལོའི་ཞོག་ཁོག་གི་སྐྱེ་ཚུལ་ལེགས་ལ། ཞིང་ཁའི་ཡུལ་དངོས་ནས་ཞོག་ཁོག་གི་ཐོན་ཚད་ལ་རྟོག་ཞིབ་དང་ཚོད་དཔག་བྱས་པར། མུའུ་རེར་ཞོག་ཁོག་སྤྱི་རྒྱ 1800 -2000ཐོན་ཐུབ།
    “ཐོན་ལས་དར་ན་ཞིང་སྡེ་དར། ཐོན་ལས་ཕྱུག་ན་ཞིང་བ་ཕྱུག”  ཉེ་བའི་ལོ་ཤས་ནང་དུ། འབྲུག་ཆུ་རྫོང་གིས་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་དབུལ་ཐར་བརྟན་པོ་དང་ཞིང་སྡེ་དར་རྒྱས་གཏོང་བའི་བྱ་ཐབས་གཙོ་བོ་ཞིག་ཏུ་བརྩིས་ནས། ཞིང་ལས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་ཤིང་། མུ་མཐུད་དུ་བཀོད་པ་ཇེ་ལེགས་སུ་བཏང་བར་ཧུར་བརྩོན་དང་། སྤུས་ལེགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱབ་ནས། མང་ཚོགས་ཀྱིས་ཞོག་ཁོག་འདེབས་པའི་ཁྲོད་ནས་ཕན་པ་ཐོབ་ཏུ་བཅུག།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།