中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། སྐྱེ་ཁམས་གནས་སྤོ་སྡེ་བའི་འཕེལ་རྒྱས་དང་འགྱུར་ལྡོག་གསར་བ།
དུས་ཚོད།2021-06-11 17:45:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)2014ལོའི་ལོ་མཇུག་ཏུ། ཝུའུ་རྨ་མྱུར་བགྲོད་གཞུང་ལམ་གྱི་ལིན་ཞ་ནས་གཙོས་བར་གྱི་སྐྱེལ་འདྲེན་ལས་གཉེར་ཤར་གཏོང་ཐུབ་པས། ལན་ཧའེ་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་བྱུང་སྟེ་ཀན་ལྷོའི་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་འགྲོ་བའི་གཞུང་ལམ་ཤར་གཏོང་ཐུབ།
    མྱུར་བགྲོད་གཞུང་ལམ་ཞིག་གིས་ཀན་ལྷོའི་སྐར་ཚོགས་ལྟ་བུའི་ཡུལ་སྐོར་ལྗོངས་ཁུལ་འཁོར་རྒྱུག་བྱེད་དུ་བཅུག་པ་མ་ཟད། ལྗོངས་ཁུལ་གྱི་གནས་སྤོའི་སྡེ་བ་འཁྲུག་ཆ་དོད་དུ་བཅུག
    ཟླ 5བའི་ཚེས 29ཉིན། གཙོས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ 2ན་གནས་པའི་རྒྱ་ར་འགབ་མ་སྡེ་བར། 《བཀྲ་ཤིས་བའི་ཀན་ལྷོ》ཞེས་པའི་འགྱུར་ཁུག་དང་བསྟུན་ནས། ཡུལ་སྐོར་བ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལྭ་གྱོན་པའི་བོད་རིགས་བུད་མེད་ཚོས་མཉམ་དུ་སྐོར་བྲོ་འཁྲབ་ཅིང་། སྙན་འཇེབས་ཀྱི་རོལ་དབྱངས། ཉམས་ལྡན་གྱི་གར་སྟབས། ཚོན་མདོག་སྣ་ལྔའི་གྱོན་ཆས་སྤྲས་པ་དེས་དུང་ཕྲུག་རྩྭ་ཐང་དུ་བྲོ་གར་གྱི་རྒྱ་མཚོ་འཕྱུར།
    ཀྱག་ཀྱོག་གི་ཤིང་བཟོས་དོས་ལམ་བརྒྱུད་དེ་རྒྱ་ར་འགབ་མ་སྡེ་བར་བལྟས་པ་ན། བོད་བཟོའི་སྡོད་ཁང་རེ་རེ་གྲལ་སྟར་སྒྲིག་ཅིང་། སྡེ་བ་མཛེས་ལ་མང་ཚོགས་ཕྱུག་པས་ལས་རིགས་སྣ་ཚོགས་དར་ཞིང་རྒྱས་པའི་མཛེས་རིས་ཤིག་རྣམ་པར་བཀྲ  ཡིན་ཡང་། རྒྱ་ར་འགབ་མ་སྡེ་བའི་སྐྱེ་ཁམས་མི་ལེགས་པས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མིན་པས། “རྒྱ་ར་སྐམ་པོ”ཞེས་པའི་མིང་ཐོགས་ཡོད་པ་སུས་ཤེས།
    2017ལོར། རྒྱ་ར་འགབ་མ་སྡེ་བའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་འགོ་བརྩམས་ནས། སྡེ་བའི་སྲང་ལམ་གཙོ་བོར་ཨར་འདམ་བཏིང་ཞིང་། སྤྱི་བའི་ས་སྟོང་ལྗང་འགྱུར་། ཁང་བའི་ཕྱི་གཟུགས་བསྒྱུར་བཀོད། སྐུད་མེད་དྲ་བའི་དྲ་ལམ་ཡོངས་སུ་ཁེབས་ཤིང་། བཙོག་ཆུ་འདོན་ས་གསར་འཛུགས་བཅས་བྱས་པ་དང་། ལྷག་པར་དུ་རང་བྱུང་སོལ་རླངས་ཁྱིམ་ཚང་དུ་འཐེན་པའི་ལས་གཞི་རྒྱ་ར་འགབ་མ་སྡེ་བ་ཐོན་ནས། རྒྱ་ར་འགབ་མ་སྡེ་བ་དེ་ཀན་ལྷོའི་ཆེས་ཐོག་མར་རང་བྱུང་སོལ་རླངས་སྤྱོད་མཁན་གྱི་སྡེ་བ་རུ་གྱུར།
    2019ལོར། རྒྱ་ར་འགབ་མ་སྡེ་བས་ཀན་ལྷོ་ཁུལ་དང་མཉམ་དུ་ལོ་གཅིག་གི་སྔོན་ལ་དབུལ་ཞྭ་ཕུད་ཐུབ་སོང་།
    ཟླ 5བའི་ཚེས 9ཉིན། ཤོག་སྦག་གི་བཙག་སྒྲའི་ཁྲོད་ནས“རྒྱ་རའི་ཞིང་ཁྱིམ་སྤྲོ་རའི”ལས་གཉེར་བྱེད་འགོ་བརྩམས་ཤིང་། ཞིང་ཁྱིམ་སྤྲོ་རའི་སྒོ་ཁར་ནམ་ཡང་ཡུལ་སྐོར་བས་ཁེངས་འདུག
    “ཝུའུ་རྨ་མྱུར་བགྲོད་གཞུང་ལམ་གྱི་ལིན་ཞ་དང་གཙོས་བར་ཤར་གཏོང་ཐུབ་པ་དེས། རྩ་བའི་ཆ་ནས་གངས་ལྗོངས་གཙོས་གྲོང་དང་ཕྱི་རོལ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པས། ཕྱི་རོལ་གྱི་མི་དང་དངོས་པོ། མ་དངུལ་དང་ཆ་འཕྲིན་སོགས་ནང་འདྲེན་བྱས་ནས་གནས་འདིར་འཛོམས་འདུག”ཅེས་གཙོས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ལི་ཞིན་ཕིང་གིས་འཚམས་སྦྱོར་བྱས། གཙོས་གྲོང་ཁྱེར་གྱིས་ཡོང་འབབ་མི་དམན་པའི་ཡུལ་སྐོར་གྱི་མ་རྩ་དེ་སྲུང་ཞིང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་བརྟེན་ནས། རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤར་བྱེད་པར་སྐུལ་འདེད་བཏང་།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།