中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། མཐོ་རྒྱུགས་ཀྱི་ཉིན་དང་བོར་ཡུས་ཁྲིན་ཧུའེ་གཙོས་སློབ་འབྲིང་དང་བོར་སོང་ནས་རྒྱུགས་རར་སྐོར་ཞིབ་བྱས་པ།
དུས་ཚོད།2021-06-16 11:33:40     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 7ཉིན་གྱི་སྔ་དྲོའི་ཆུ་ཚོད 9ཡི་སྟེང་དུ། 2021ལོའི་མཐོ་རྒྱུགས་དངོས་སུ་འགོ་བརྩམས། མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཚོ་ཡིད་ཆེས་དང་རེ་བས་ཁེངས་བཞིན་རྒྱུགས་རར་བསྐྱོད་དེ་མཐོ་རྒྱུགས་བསུས། སྔ་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གཙོས་སློབ་འབྲིང་དང་བོར་སོང་ནས། མཐོ་རྒྱུགས་ཀྱི་གནས་ཚུལ་ལ་སྐོར་ཞིབ་བྱས།
    ཞིང་ཆེན་གྱིས་མངགས་པའི་ཀན་ལྷོའི་རྒྱུགས་ཁུལ་སྐོར་ཞིབ་ཚན་ཆུང་གི་ཚན་གཙོའམ་ཧོ་ཞི་སློབ་གླིང་གི་སློབ་གཙོ་ཀྲང་ཡུང་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཡུས། ཁུལ་དཔོན་གཞོན་པ་དབྱང་ཀྲིན་ལིན། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཅང་གིས་སྐོར་ཞིབ་བྱེད་པར་འགྲོ་རོགས་བྱས།
    གཙོས་སློབ་འབྲིང་དང་བོའི་རྒྱུགས་སྤྲོད་ས་ཚིགས་དང་ཀན་ལྷོ་ཁུལ་རྒྱལ་ཁབ་སློབ་གསོ་རྒྱུགས་སྤྲོད་བྱ་བའི་བཀོད་འདོམས་ལྟེ་གནས་སུ། ཡུས་ཁྲིན་ཧུའེ་ཡིས་རྒྱུགས་སྤྲོད་ས་ཚིགས་ཀྱི་རྒྱུགས་སྤྲོད་སློབ་མའི་མི་གྲངས་དང་། རྒྱུགས་ར་བཀོད་སྒྲིག རིམས་ནད་སྔོན་འགོག་དང་ཚོད་འཛིན། ཞབས་ཞུ་འགན་ལེན་བྱ་ཐབས་སོགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་མོར་བལྟས། དེ་དང་ཆབས་ཅིག་ཏུ་རྒྱུགས་སྤྲོད་སློབ་མའི་རྒྱུགས་ལན་འདེབས་པར་བར་ཆད་མི་བཟོ་ཆེད། ཡུས་ཁྲིན་ཧུའེ་རྒྱུགས་སྤྲོད་ས་ཚིགས་ཀྱི་ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ་ཡོང་ནས་རྒྱང་ཁྲིད་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་བརྒྱུད་ནས་སྐོར་ཞིབ་བྱས་པ་དང་། རྒྱུགས་སྤྲོད་ལྟ་ཞིབ་དགེ་རྒན་གྱིས་ལྟ་ཞིབ་ནན་མོ་བྱེད་པ་དང་། རྒྱུགས་སྤྲོད་སློབ་མ་ཚོས་ནན་ཏན་གྱིས་རྒྱུགས་ལན་འདེབས་པ་དང་རྒྱུགས་རའི་ཕྱི་ནང་གོ་རིམ་ལྡན་པ་མཐོང་ནས། མཐོ་རྒྱུགས་བྱ་བར་ཚད་མཐོའི་བསྔགས་བརྗོད་བྱས། དེའི་རྗེས་སུ་ཡུས་ཁྲིན་ཧུའེ་ཡིས་མཐོ་རྒྱུགས་ཀྱི་འཐབ་ས་དང་བོར་ཞབས་འདེགས་ཞུ་མཁན་གྱི་ལས་སྒྲུབ་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་དང་། ཁོ་ཚོས་མཐོ་རྒྱུགས་ཀྱི་ཞབས་ཞུའི་འགན་ལེན་བྱ་བ་སོ་སོ་ལེགས་པོར་བསྒྲུབས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ལྷིང་འཇགས་ཀྱི་རྒྱུགས་སྤྲོད་ཁོར་ཡུག་བསྐྲུན་ཏེ། བདེ་བླག་ངང་རྒྱུགས་སྤྲོད་ཐུབ་པ་འགན་ལེན་བྱ་དགོས་པའི་རེ་བ་བཏོན།
    སྐོར་ཞིབ་བྱེད་སྐབས་སུ་ཡུས་ཁྲིན་ཧུའེ་ཡིས་མཐོ་རྒྱུགས་བྱ་བ་དེ་ཁྱིམ་ཚང་ཁྲི་སྟོང་མང་བོའི་ཁེ་ཕན་དང་འབྲེལ་བའི་དམངས་འཚོའི་ལས་གྲྭ་ཡིན་པས། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། འགན་ཁུར་གྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྦྱོར་ལ་ཤུགས་བསྣན་ནས་འགན་འཁྲི་དོན་འཁྱོལ་བྱེད་པ། རྩ་འཛུགས་ཞིབ་ཚགས་དང་ཞབས་ཞུ་ལེགས་པོར་བསྒྲུབས་ནས་མཐོ་རྒྱུགས་བདེ་འཇགས་དང་བརྟན་པོའི་ངང་སྤེལ་རྒྱུ་འགན་ལེན་བྱེད་པ། མཐོ་རྒྱུགས་ཀྱི་མཁོ་བསྟུན་སྔོན་ཇུས་སོ་སོ་འཐུས་ཚང་དུ་བཏང་ནས། གློ་བུར་དུ་བྱུང་བའི་གནས་ཚུལ་ལ་དམིགས་ནས་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་ཐག་གཅོད་པ། ཞིབ་ཅིང་ཕྲ་ལ་གཟབ་ནན་གྱིས་ཁག་སོ་སོའི་བྱ་བ་ལེགས་པར་བསྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་བྱས་ཏེ། ཡོད་ཚད་རྒྱུགས་སྤྲོད་སློབ་མ་བདེ་བླག་ངང་རྒྱུགས་ལ་ཞུགས་པ་དང་རྒྱུན་ལྡན་ལྟར་རྒྱུགས་ལན་འདེབ་ཐུབ་པ་འགན་ལེན་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། བྱ་བའི་འགན་འཁྲི་དོན་འཁྱོལ་དང་མཉམ་སྒྲུབ་གཞོགས་འདེགས་ལ་ཤུགས་བསྣན་ཏེ། འཛེར་སྒྲ་བཅོས་སྒྲིག་དང་གློག་མཁོ་འདོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་འགན་ལེན་བྱ་བ་སོ་སོ་ལེགས་པོར་བསྒྲུབ་པ་དང་། རྒྱུགས་ཀྱི་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་ནན་མོར་ཡོང་བ་བྱེད་པ་དང་རྒྱུགས་སྤྲོད་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། མཐོ་རྒྱུགས་དྲང་གཞག་ཡོང་རྒྱུར་སྲུང་སྐྱོང་བྱས་ཏེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཡིད་ཚིམ་པ་དང་ཁྱིམ་བདག་བློ་བདེ་བོ་ཡོང་བ་བྱ་དགོས་ཞེས་བསྟན།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།