中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། པར་རིས་གསར་འགྱུར།
དུས་ཚོད།2021-06-16 11:38:24     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    \
    2021ལོའི་ཟླ 6པའི་ཚེས 5ཉིན་ལ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི་ལོ་རེའི་མཐར་ཕྱིན་སློབ་མའི“སྨོན་ལམ་ཕྱག་རྒྱུན”ཞེས་པའི་ཡིག་གཟུགས་འགྲེམ་སྟོན་གྱི་བྱ་འགུལ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས་བདེ་བླག་ངང་སྤེལ།
    ཐེངས་འདིའི་འགྲེམ་སྟོན་ནི་གཙོ་བོ་བཀྲ་ཤིས་དོན་གྲུབ་དང་ཏིང་འཛིན་ཚེ་རིང་། ཚེ་རིང་སྟོབས་རྒྱས། ཡོན་ཏན་ལྷུན་གྲུབ། རྣམ་དབྱངས། མགོན་པོ་སྐྱིད་དང་ཆོས་བཟང་ལྷ་མོ་བཅས་མཐར་ཕྱིན་སློབ་མ་བདུན་གྱིས་ལོ་ངོ་བཞིའི་རིང་དུ་རྒན་སངས་རྒྱས་བཀྲ་ཤིས་ལེགས་པར་བསྟེན་ཞིང་ནན་གྱིས་བྲིས་པའི་བརྩམས་ཆོས 67གྱིས་གྲུབ་ཡོད། དེའི་ཁྲོད་དུ་དབུ་ཅན 7དང་ལཉྫ་ཝརྟུ 4སུག་རིང 11སུག་ཐུང 9རྒྱུག་བྲིས་དང་འཁྱུག་བྲིས 5འབྲུ་ཚ 25ས་བྲིས 3ཚུགས་ཆུང 1 ཚུགས་བྲིས 1ཧོར་ཡིག 1བཅས་ཡོད།། 
(འཇམ་དཔལ་ཚེ་ལོས་པར་བླངས་ཤིང་གནས་ཚུལ་བཀོད།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།