中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འབྲུག་ཆུས་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱིས་ཞིང་སྡེ་དར་རྒྱས་ལ་རོགས་འདེགས་བྱས་པ།
དུས་ཚོད།2021-07-19 16:48:48     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) གཙང་ཤིང་གྲལ་དག་པའི་མི་སྡོད་ཁོར་ཡུག་ཅིག་བསྐྲུན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཤང་སྲོལ་དཔལ་ཡོན་ལྡན་པ་དང་ཁོར་ཡུག་མཛེས་སྡུག་ལྡན་པ། འཆམ་ཞིང་མཐུན་ལ་གནས་སྡོད་དང་འཚམ་པའི་མཛེས་པའི་སྡེ་བ་ཧུར་ཐག་གིས་གཏོད་ཆེད། བསྟུད་མར་ཉིན་འགར་འབྲུག་ཆུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཀྱི་ཚ་རླབས་ཤིག་འཕྱུར།
    ཡུལ་དངོས་ཀྱི་ཏང་ཡོན་དང་ལས་བྱེད་པ་དང་དང་བླངས་པ། མང་ཚོགས་བཅས་བཙོག་པར་འཛེམ་མཁན་གཅིག་ཀྱང་མེད་པར། ཚང་མ་ནུས་ཤུགས་ཡོད་རྒུས་སྒྲིག་བཅོས་དང་གཙང་ཕྱགས་བྱེད་པར་ཞུགས་ཏེ། མཛེས་སྡུག་ལྡན་པའི་འབྲུག་ཆུ་འཛུགས་སྐྲུན་བྱེད་ཆེད་རང་རང་གི་སྟོབས་ཤུགས་འབུལ་བཞིན་ཡོད།
    ཤང་དང་གྲོང་རྡལ་གྱི་ལས་ཁུངས་སོ་སོས་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་དམ་འཛིན་ནན་མོ་བྱ་རྒྱུ་དེ“གནོད་མེད་ལྔའི་ཀན་ལྷོམཛེས་སྡུག་ལྡན་པའི་འབྲུག་ཆུ”འཛུགས་སྐྲུན་བྱེད་པའི“འཇུག་སྒོར”བརྩིས་ནས། ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་བྱེད་པར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱུན་མཐུད་ངང་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བྱེད་པ། “གནོད་མེད་ལྔའི་ཀན་ལྷོམཛེས་སྡུག་ལྡན་པའི་འབྲུག་ཆུ”འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་ངོས་ཟིན་ཟབ་མོ་འཐོབ་སྟེ། རང་གི་འགན་ཁུར་ཁྱབ་ཁོངས་ཀྱི་ཁོར་ཡུག་གཙང་སྦྲ་དང་སྒྲིག་བཅོས་ཀྱི་བྱ་བ་དམ་འཛིན་ནན་མོ་བྱས།
    ཞིང་སྡེ་དར་རྒྱས་གཏོང་བར་ཐོན་ལས་དར་དགོས་པ་མ་ཟད་ཁོར་ཡུག་ཀྱང་མཛེས་དགོས་པས། འབྲུག་ཆུ་རྫོང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་ལ་གཙང་ཞིང་གྲལ་དག་པའི་འཚོ་སྡོད་ཁོར་ཡུག་ཅིག་བཏོད་དེ་ཁོར་ཡུག་གཙང་སྦྲའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གཙང་ཞིང་གྲལ་དག་པའི་དང་མཛེས་སྡུག་ལྡན་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་ཧུར་ཐག་གིས་བཏོད་དེ་མཛེས་སྡུག་ལྡན་པའི་འབྲུག་ཆུའི་ཕྱི་ནང་གཉིས་ཀ་མཛེས་པར་བྱས་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།