中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་གིས་སྨན་བཅོས་འགན་ལེན་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་པ།
དུས་ཚོད།2021-07-19 17:00:46     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་འགའི་རིང་། ཀླུ་ཆུ་རྫོང་སྨན་བཅོས་འགན་ལེན་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་སྨན་བཅོས་འགན་ལེན་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་བྱས་ཏེ། བྱ་བའི་བྱ་ཐབས་ལ་ཤུགས་སྣོན་པ་དང་། སྨན་བཅོས་འགན་ལེན་ལམ་ལུགས་དོན་འཁྱོལ་བྱེད་པ། སྨན་བཀོལ་སྤྱོད་མ་ལག་ལ་སྐུལ་འདེད་གཏོང་བ། སྨན་རིན་རྩིས་རྒྱག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱོན་བྲལ་དང་མཛེས་སྡུག་ལྡན་པའི་ཀླུ་ཆུ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་།
    བྱ་བའི་བཀོད་གཏོང་གི་ལམ་སྲོལ་བཙུགས་ནས་གྲོང་རྡལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཁྲལ་དོན་ཅུས། དབུལ་སྐྱོར་གཞུང་སྒྲུབ་ཁང་། ནོར་སྲིད་ཅུས། དམངས་སྲིད་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་ཆ་འཕྲིན་གཞི་གྲངས་མཉམ་སྤྱོད་བྱས་ནས་རྫོང་ཡོངས་ཀྱི་དབུལ་ཕོངས་མི་འབོར་གྱི་གཞི་རྩའི་ཆ་འཕྲིན་ཤེས་རྟོགས་ཐུབ་པ་བྱས་ཏེ། སྨན་བཅོས་འགན་ལེན་ནང་ཞུགས་པ་དང་སྨན་བཅོས་འགན་ལེན་གྲོན་དངུལ་འཇལ་བ། སྨན་བཅོས་འགན་ལེན་རོགས་དངུལ་སྤྲོད་པའི་བྱ་བ་སོགས་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ནས། དབུལ་ཕོངས་མི་འབོར་ཚང་མ་སྨན་བཅོས་འགན་ལེན་ནང་ཞུགས་པར་འགན་ལེན་བྱས། བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོར་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་མི་གྲངས 32223སྨན་བཅོས་འགན་ལེན་ནང་ཞུགས་པ་དང་། དབུལ་ཐར་བྱུང་བའི་མི་གྲངས 8584སྨན་བཅོས་འགན་ལེན་ནང་ཞུགས་ཡོད། མི་གྲངས 9898ལ་སྨན་བཅོས་འགན་ལེན་ནང་ཞུགས་པའི་རོགས་དངུལ་སྤྲད་པ་དང་། སྡོམ་པས་རོགས་དངུལ་སྒོར་ཁྲི 151.5སྤྲད།
    “གལ་ཆེན་གསུམ་གྱི་སྨན་བཅོས་འགན་ལེན་ལམ་ལུགས”དོན་འཁྱོལ་བྱས་ནས་གཞི་རྩའི་སྨན་བཅོས་འགན་ལེན་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་མི་དམངས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བ། དབུལ་ཐར་བྱུང་བའི་ཁྱིམ་ཚང་ལ་གཞི་རྩའི་སྨན་བཅོས་འགན་ལེན་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་རྩིས་ཞུ་བྱེད་སྐབས་བསྡུར་གྲངས་བརྒྱ་ཆའི་གྲངས་གནས 5མཐོ་རུ་བཏང་ཞིང་། གཞི་རྩའི་སྨན་བཅོས་འགན་ལེན་ལོངས་སྤྱོད་བྱས་རྗེས་མི་སྒེར་གྱིས་སྤྲད་པའི་སྨན་རིན་སྒོར 2000ཡན་དུ་བསླེབས་པར་ནད་ཆེན་འགན་ལེན་གྱི་གུན་གསབ་སྤྲད་པ་མ་ཟད། མི་སྒེར་སྨན་ཁང་དུ་བསྡད་པར་གཏན་འབེབས་དང་མཐུན་པའི་འགྲོ་གྲོན་གྱི 75%སྨན་བཅོས་རོགས་སྐྱོར་བྱས།
    ནད་ཆེན་འགན་ལེན་གྱི་ཐོག་མའི་སྨན་རིན་སྤྲོད་པའི་ཚད་གཞི་དོན་འཁྱོལ་ནན་མོ་བྱས་ནས་རྩིས་ཞུའི་བསྡུར་ཚད་མཐོ་རུ་བཏང་བ། ནད་ཆེན་འགན་ལེན་གྱི་ཐོག་མའི་སྨན་རིན་སྤྲོད་པའི་ཚད་གཞི་ནི་དབུལ་ཐར་ཁྱིམ་ཚང་ལ་སྒོར 2000ཡིན་པ་དང་། སྤྱིར་བཏང་གི་མི་ཚོགས་ལ་སྒོར 5000ཡིན་ཞིང་། འགན་ལེན་ནང་ཞུགས་མཁན་ལ་གཞི་རྩའི་རྩིས་ཞུ་བྱས་རྗེས་གཏན་འབེབས་དང་མཐུན་པའི་སྒོས་མི་སྒེར་གྱིས་སྨན་རིན་སྒོར 2000ངམ་ཡང་ན་སྒོར 5000ཡན་སྤྲད་པ་ཚང་མ་ནད་ཆེན་སྨན་བཅོས་འགན་ལེན་གྱི་ཁྱབ་ཁོངས་སུ་བཅུག 2020ལོར་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་སྨན་ཁང་དུ་བསྡད་པའི་ནད་པ་མི་ཐེངས 3883ཟིན་པ་དང་། སྨན་ཁང་དུ་བསྡད་པའི་སྤྱིའི་འགྲོ་གྲོན་སྒོར་ཁྲི 2220.48ཟིན་པ། གཞི་རྩའི་སྨན་བཅོས་འགན་ལེན་གྱི་ཁ་གསབ་དངུལ་འབོར་སྒོར་ཁྲི 133.88ཟིན་པ་དང་། ནད་ཆེན་འགན་ལེན་གྱི་ཁ་གསབ་སྒོར་ཁྲི 111.87བཏང་ཞིང་། སྨན་བཅོས་རོགས་སྐྱོར་དངུལ་འབོར་སྒོར་ཁྲི 110.09ཟིན།
    “སྨན་བཀོལ་སྤྱོད་མ་ལག་ཁག་གསུམ”ལ་སྐུལ་སྤེལ་བཏང་སྟེ“སྒོ་བསྟེན་གྱི་དལ་བའི་ནད་རིགས”ཀྱི་ནད་པའི་སྨན་རིན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་ཤུགས་བསྣན་པ། 2020ལོར། སྒོ་བསྟེན་གྱི“དལ་བའི་ནད་རིགས”ཀྱི་ནད་པ་མི 2026ཡོད་པ་དང་། སྤྱིའི་འགྲོ་གྲོན་སྒོར་ཁྲི 82.19ལྷག་ཡིན་ལ། སྒོར་ཁྲི 56.14ལྷག་ཁ་གསབ་བྱས་ཤིང་། དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང་གི་སྒོ་བསྟེན་སྨན་ཁང་གི་དལ་བའི་ནད་པ་མི་ཐེངས 441ཡོད་པ་དང་། སྤྱིའི་འགྲོ་གྲོན་སྒོར་ཁྲི 21.99ཟིན་ལ། སྒོར་ཁྲི 15.05ཁ་གསབ་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།