中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསང་ཆུ་རྫོང་བླ་བྲང་དགོན་པའི་གཞི་ཁྱོན་ཆེ་བའི་ཁྱོན་ཡོངས་སྲུང་སྐྱོང་ཕལ་ཆེར་ཉམས་གསོ་ལེགས་གྲུབ་བྱུང་བ།
དུས་ཚོད།2021-07-22 16:05:20     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) 2012ལོར་སྤེལ་འགོ་ཚུགས་པའི“འཛམ་གླིང་གི་བོད་རིག་པའི་སློབ་གླིང”དུ་གྲགས་པའི་བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་མིག་སྔར་ལེགས་གྲུབ་བྱུང་། ཐེངས་འདིའི་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ནི་བླ་བྲང་དགོན་པ་བཙུགས་ནས་ལོ་ངོ 300ལྷག་ཙམ་རིང་གི་གཞི་ཁྱོན་ཆེ་བའི་ཁྱོན་ཡོངས་སྲུང་སྐྱོང་དང་ཉམས་གསོ་བྱེད་པ་ཐེངས་དང་བོ་ཡིན་ཞིང་། རྙིང་བ་ཉམས་གསོ་བྱེད་ན་རྙིང་ཉམས་མ་འགྱུར་བའི་རྩ་དོན་ལ་གཞིགས་ནས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར 4ལྷག་བཏང་བ་དེ་ལྷ་ཁང་གི་འཛུགས་སྐྲུན་དང་སྣུམ་རྒྱན་ཚོན་བྲིས། ལྡེབས་རིས། གློག་ལམ་གྱི་གློག་སྒྲོན་སྒྱུར་བཀོད། བདེ་འཇགས་སྲུང་སྐྱོང་། མེ་ཟོན་དང་ཡུལ་སྐོར་སྒྲིག་བཀོད་ལྷུ་ལག་ཚང་བའི་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད་པ་དང་། ལེགས་གྲུབ་བྱུང་བའི་ལས་གཞི་ཁག་ཅིག་ལ་འབྲེལ་ཡོད་སྡེ་ཁག་གིས་ཚོད་སྐོར་ཞིབ་བཤེར་རྩིས་ལེན་བྱས་ཞིང་། བྱམས་ཁང་དང་འཇམ་དབྱངས་ལྷ་ཁང་སོགས་ཚུད་པའི་ཉམས་གསོ་བྱས་པའི་ལྷ་ཁང 14ལ་རྒྱལ་ཁབ་རིག་རྫས་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་སྒུག་བཞིན་ཡོད།
    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་གནས་པའི་བླ་བྲང་དགོན་པ་དེ 1709ལོར་བཏབ་པ་དང 1982ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་རྫས་སྲུང་སྐྱོང་ལས་ཁུངས་སུ་གཏན་འཁེལ་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།