中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་བཏང་བ།
དུས་ཚོད།2021-07-22 16:07:49     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)“འབྲུ་རིགས་ས་ཞིང་དང་ལག་རྩལ་ལ་བརྟེན་པའི”འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་སྟེ། གཙོས་གྲོང་ཁྱེར་གྱིས“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ནས་མཐོ་སྒང་གི་གནམ་གཤིས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བློ་ཞིབ་མོས་ཇུས་འགོད་བྱས་ཤིང་། ཞིང་ལས་སྐྱེ་དངོས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམ་པོར་དམིགས་ནས་ཁ་གྱ་སྨད་ཤང་དུ་མཐོ་སྒང་གི་ཐོན་སྐྱེད་གཞི་ས་བསྐྲུན་པ་མ་ཟད། འདེབས་འཛུགས་རྒྱ་ཁྱོན་རིམ་བཞིན་རྒྱ་ཆེར་བཏང་བས་རོང་འབྲོག་པ་མང་ཚོགས་ལ་ཡོང་འབབ་འཕར་སྣོན་བྱུང་བ་མངོན་འགྱུར་བྱུང་།
    “ན་ནིང་མཉམ་ལས་ཁང་གིས་ནས་ཀྱི་ས་བོན་རིགས་གསར་བ་མུའུ 20བཏབ་པ་དང་། ཐོན་སྐྱེད་འཕར་སྣོན 30%ཡི་ཡན་བྱུང་ཡོད། ད་ལོ་ནས་ཀྱི་ས་བོན་རིགས་གསར་བ་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་མུའུ 40བར་དུ་ཇེ་མང་དུ་བཏང་ཡོད་ལ། ཟླ་བ་གཅིག་ལྷག་འགོར་རྗེས་ནས་ལ་སྙེ་མ་ཐོགས་ཐུབ”ཅེས་ཏུའུ་ཞུའེ་ཅུན་གྱིས་བཤད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་གཙོས་གྲོང་ཁྱེར་གྱིས་ནས་ཀྱི་ས་བོན་རིགས་གསར་བ་ཧུར་ཐག་སྒོས་ནང་འདྲེན་བྱས་ནས་རོང་འབྲོག་པ་མང་ཚོགས་ལ་རིན་མི་དགོས་པར་ནས་ཀྱི་ས་བོན་སྤྱི་རྒྱ 1100བཀྲམས་པ་དང་། གསར་དུ་འདེམས་གསོ་བྱས་པའི་ནས་ཀྱི་ས་བོན་སྤྱི་རྒྱ 875བཀྲམས། 2025ལོར་བསླེབ་སྐབས་གྲོང་ཁྱེར་ཡོངས་ཀྱི་ནས་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་གྱིས་མུའུ་ཁྲི 5ཟིན་རྒྱུ་དང་མུའུ་རེའི་ཐོན་ཚད་རྒྱ་མ 450ཡི་ཡན་ཟིན་རྒྱུ་འཆར་འགོད་བྱས།
    རྒྱུས་ལོན་བྱུང་བར་གཞིགས་ན། གཙོས་གྲོང་ཁྱེར་ཞིང་ལས་དང་ཞིང་སྡེ་ཅུས་ཀྱིས་པད་ཁའི་ས་བོན་གསར་བ་ཧུར་ཐག་སྒོས་འདེབས་གསོ་བྱས་པ་དང་། དུས་མཚུངས་སུ་འཕྲུལ་ཆས་ཀྱིས་ཞིང་རྨོ་བ་དང་ས་བོན་འདེབས་པ། སྤུས་ལེགས་ཀྱི་སྒོ་ནས་འདེབས་འཛུགས་བྱེད་པ། རྫས་འགྱུར་ལ་བརྟེན་ནས་རྩྭ་ལྡུམ་མེད་པར་བཟོ་བ་སོགས་ཚད་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་ཞིང་། པད་ཁའི་ས་བོན་རིགས་གསར་བ་དཔེ་སྟོན་ཁྱབ་གདལ་གཏོང་བའི་ས་ཞིང་མུའུ 1012བསྐྲུན་པ་དང་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ 190ཡན་ཟིན་ནས་པད་ཁ་སྤྱི་རྒྱ་ཁྲི 4.84ཐོན་སྐྱེད་བྱས་པ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི 38.72ལ་བསླེབས།
    ཤིང་ར་སྡེ་བའི་མེ་ཏོག་གི་མཚོ་མོའི་འགྲམ་ངོགས་སུ་ཞོག་ཁོག་ལ་སྐྱེ་འཚར་ལེགས་པོ་འབྱུང་བཞིན་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་འདི་གའི་ཞོག་ཁོག་ནི་ཁྱབ་གདལ་འདེབས་འཛུགས་བྱས་པའི་ཞོག་ཁོག་རིགས་གསར་བ་ཞིག་ཡིན་ལ། ན་ནིང་མུའུ་རེའི་ཐོན་ཚད་སྤྱི་རྒྱ 1500ཡིན་པས། ས་གནས་འདི་གའི་རོང་འབྲོག་པ་ལ་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་འགའི་རིང་། གཙོས་གྲོང་ཁྱེར་གྱིས་ཞོག་ཁོག་རིགས་གསར་བ་ཁྱབ་གདལ་དུ་བཏང་ནས་ཐོན་འབབ་མཐོ་རུ་བཏང་བའི་རྨང་གཞིའི་ཐོག་ཞིང་ལས་ཐོན་རྫས་ལས་གཞིའི་ཁུལ་གྱི་རོང་འབྲོག་ཁྱིམ་ཚང་གིས་སོན་བཟང་འདེབས་པ་དང་སྐྱེ་ལྡན་ལུད་བཀོལ་བ། དབྱེ་འབྱེད་ཐུབ་པའི་ཞིང་སྤྱོད་འགྱིག་ཤོག་བཀོལ་བ་བཅས་ཀྱི་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ཞིང་། ཞིང་ལས་ལག་རྩལ་གྱི་ཤེས་བྱའི་གསོ་སྦྱོང་ལ་སྔར་བས་ཤུགས་བསྣན་པས་རོང་འབྲོག་པ་ཁྱིམ་ཚང་གི་ཐོན་སྐྱེད་ལག་རྩལ་མཐོ་རུ་ཕྱིན་པ་དང་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད།
    མིག་སྔར། གཙོས་གྲོང་ཁྱེར་གྱིས་ནས་དང་པད་ཁ། ཞོག་ཁོག་བཅས་ཀྱི་ཐོན་ལས་ཀྱི་ཚན་རིག་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། སོན་གསོའི་བྱ་བ་དེ་ཚན་རིག་ཞིབ་འཇུག་གི་གཙོ་གནད་དུ་བཟུང་བ་དང་། “ཚན་རིག་ཞིབ་འཇུག་ཁང+ཁེ་ལས+ཆེད་ལས་ལག་རྩལ་མི་སྣ”ཡི་ལས་སྟེགས་རྣམ་པའི་སྒྲིག་འཛུགས་རྣམ་པ་སྤྱད་དེ། ཞིང་ཆེན་དང་ཁུལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་གསོའི་ཆེད་མཁས་པ་གདན་དྲངས་ནས་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་གསོ་སྤེལ་དཔེ་སྟོན་གཞི་ས 1བསྐྲུན་པ་དང་། ནས་དང་པད་ཁ། ཞོག་ཁོག་བཅས་ཀྱི་ས་བོན་གསར་བ་འདེམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་དང་ཕན་འབྲས་མཐོ་བའི་ས་བོན་གསར་བ་གཅིག་སྡུད་ཐོག་གསོ་སྤེལ་བྱས་པ་མ་ཟད། ཚད་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ནས་ཁྱབ་གདལ་དུ་བཏང་།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།