༄༅།། ཞིང་སྡེ་དར་རྒྱས་ཀྱིས་ཞིང་སྡེ་མཛེས་སྡུག་ལྡན་པར་བྱས་པ། - སྤྱི་ཚོགས། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཞིང་སྡེ་དར་རྒྱས་ཀྱིས་ཞིང་སྡེ་མཛེས་སྡུག་ལྡན་པར་བྱས་པ།
དུས་ཚོད།2021-07-22 16:09:55     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)གཙོས་གྲོང་ཁྱེར་དང་འགོ་ནང་ཐང་གཞུང་ལམ་གྱི་ཡུལ་སྐོར་ལམ་ཐིག་ཡག་ཤོས་སུ་གནས་པའི་རྔོག་དཀར་ཡུལ་སྐོར་དཔེ་སྟོན་སྡེ་བ་དེ་བློ་ཞིབ་མོས་ཇུས་འགོད་དང་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ད་ལོའི་ཟླ 6པའི་ཚེས 20ཉིན་དངོས་སུ་སྒོ་ཕྱེ་ནས་ལས་གཉེར་བྱེད་འགོ་ཚུགས། རྔོག་དཀར་མཛེས་ལྗོངས་ཁུལ་གྱིས“ཟ་མ་དང་ཞག་འདུག ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”སོགས་ཀྱི་ཡུལ་སྐོར་ཆ་རྐྱེན་ཆ་ཚང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཉམས་ལེན་རྣམ་པའི་ཡུལ་སྐོར་ལས་གཞི་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་ཁང་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྱིམ་མགྲོན་ཁང་ཤག 22བསྐྲུན་པ་མ་ཟད། ད་དུང་ཡུལ་སྐོར་བར་རས་གུར་དང་སྦྲ་གུར་དུ་འདུག་པ་དང་། རྐང་བཞི་འཕྲུལ་རྟ་དང་རྟ་ཞོན་པ། མདའ་འཕེན་པ། འོ་མ་བཤིགས་ནས་མར་ལེན་པ། སྐོར་བྲོ་འཁྲབ་པ་སོགས་ཀྱི་ཉམས་ལེན་རྣམ་པའི་ཡུལ་སྐོར་རྣམ་གྲངས་མཁོ་སྤྲོད་བྱས་ཤིང་། སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ 34ལ་ཡུལ་སྐོར་འཕེལ་རྒྱས་དང་ཡོང་འབབ་འཕར་སྣོན་ཡོང་བ་མངོན་འགྱུར་འབྱུང་བར་ཕྱོགས་ཡོངས་ནས་སྐུལ་ཁྲིད་བྱས་པས་གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེ་དར་རྒྱས་ཐད་དཔེ་སྟོན་གསར་བ་ཞིག་བཏོད་ཡོད།
    གཙོས་གྲོང་ཁྱེར་གྱིས“རིམ་སྤོར་དམ་འཛིན་དང་ཚད་ལྡན་དམ་འཛིན། སྦྲེལ་མཐུད་དམ་འཛིན། སྤུས་ཚད་དམ་འཛིན”བཅས་ཀྱི་རིག་ལམ་ལ་དམ་པོར་དམིགས་ཏེ། ཡུལ་བབ་དང་བསྟུན་ནས་སྡེ་བ་རེ་ལ་ཇུས་གཞི་རེ་བཟོས་ཤིང་། སྡེ་བ་སོ་སོའི་ས་ཁོངས་ཀྱི་རང་བྱུང་ཐོན་ཁུངས་མི་འདྲ་བ་དང་། དམངས་སྲོལ་རིག་གནས་མི་འདྲ་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བ་བཅས་གཞིར་བཟུང་ནས་མ་དངུལ་སྒོར་དུང་ཕྱུར 4.6བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 17དང་། ཡུལ་སྐོར་དཔེ་སྟོན་སྡེ་བ 3 ཡུལ་སྐོར་ཆེད་ལས་སྡེ་བ 6 སྡེ་བ་རིམ་པའི་གཞུང་ལམ་ཁག 14བཅས་གསར་དུ་འཛུགས་སྐྲུན་བྱས་ལ། གཙོས་གྲོང་ཁྱེར་དང་འགོ་ནང་ཐང་གི་གཞུང་ལམ་འགྲམ་རྒྱུད་ཀྱི་སྡེ་བ 9ཡི་རོང་འབྲོག་སྡེ་བའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་ལས་གཞི་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅིངས་པའི་དགོས་མཁོ་སྔར་བས་བསྐངས་ཡོད། མིག་སྔར། ལས་གཞི་སོ་སོའི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་ཡིན་ལ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།