(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) གནམ་གཤིས་རིམ་བཞིན་ཇེ་དྲོད་དུ་འགྲོ་བ་དང་ཆབས་ཅིག་གསར་འགོད་པ་འབྲུག་ཆུ་རྫོང་ཆབ་འོག་ཤང་ཅའོ་ཆའོ་སྡེ་བའི་ཕོ་སུལ་ཤ་མོ་ཚོད་ལྟའི་འདེབས་འཛུགས་དཔེ་སྟོན་གཞི་སར་ཐོན། གནས་དེ་ཡི་ཕོ་སུལ་ཤ་མོའི་སྐྱེས་སྟོབས་རྒྱས་ཤིང་སྐྱེས་འཚར་ལེགས།
ཉེ་བའི་ལོ་ཤས་རིང་། འབྲུག་ཆུ་རྫོང་ཆབ་འོག་ཤང་ཅའོ་ཆའོ་སྡེ་བས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས“ཏང་ཀྲི་པུའུ+མཉམ་ལས་མཉམ་འབྲེལ་ཁང+གཞི་ས+ཞིང་ཁྱིམ”བཅས་ཟུང་དུ་འབྲེལ་བའི་ཕོ་སུལ་ཤ་མོ་འདེབས་འཛུགས་ཀྱི་རྣམ་པ་གསར་བའི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ཧུར་ཐག་བཏོད་དེ། སྟར་ཁའི་སྡོང་བོའི་ཞབས་ཀྱི་ས་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་རྒྱུ་གནམ་གཤིས་འཚམ་པའི་ཁྲུང་ཀང་སྡེ་བ་ཚོད་ལྟའི་ཁུལ་བྱས་ནས་ཞིང་ཁྱིམ་དེ་སྲོལ་རྒྱུན་གྱི་འདེབས་འཛུགས་ནས་ཁྱད་ལྡན་འདེབས་འཛུགས་སུ་བསྒྱུར་ཏེ་ཐོན་ལས་དབུལ་སྐྱོར་གྱི་ཕན་ཇེ་མཐོར་བཏང་། ཞིང་ལས་ཐོན་འཕར་བྱུང་བ། ཞིང་བའི་ཡོང་འབབ་འཕར་བའི་ལམ་བུ་གསར་བ་གཏོད།
ཅའོ་ཆའོ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧན་མིང་ཚའེ་ཡིས“ཐེངས་དང་བོར་ཕོ་སུལ་ཤ་མོ་ཚོད་ལྟའི་འདེབས་འཛུགས་རྒྱ་ཁྱོན་མུའུ 2ཡོད་པ་དང་འདེབས་འཛུགས་ནས་ཤ་མོ་ཐོན་པའི་བར་ཉིན 110ཙམ་འགོར་གྱི་ཡོད། ཆབ་འོག་ཤང་གི་ས་བབ་མཐོ་བ་དང་གནམ་གཤིས་ཡག་པོ་ཡོད་པས་ཕོ་སུལ་ཤ་མོ་སྐྱེ་འཚར་ལ་ཧ་ཅང་འཚམ་པོ་ཡོད། མིག་སྔར་ཐོན་སྐྱེད་བྱས་པའི་ཤ་མོའི་གནས་ཚུལ་ལ་བལྟས་ན། སྔོན་དཔག་བྱས་ན་མུའུ་རེ་ནས་ཕོ་སུལ་ཤ་མོ་སྤྱི་རྒྱ 200ཡས་མས་ཐོན་པ་དང་མུའུ་རེ་ལ་ཡོང་སྒོ་སྒོར་ཁྲི 2ལྷག་ཡོད། ང་ཚོས་ཤ་མོ་འཐུ་བའི་ཚོད་ལྟའི་འགོ་བརྩམ་ཡོད། ད་ལོ་ཕོ་སུལ་ཤ་མོ་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པ་དང་གཟུགས་གཞི་ཆེན་པོ་ཡོད་པས་རིན་གོང་ཡག་པོ་ཞིག་རག་ཐུབ་ངེས་རེད”ཅེས་བཤད།
ཕོ་སུལ་ཤ་མོ་ལ་མདུན་ལམ་རྒྱ་ཆེན་པོ་ཡོད་པ་མཐོང་ནས། ཉེ་འགྲམ་གྱི་སྡེ་མི་ཚོ་འཚང་ཁ་ཤིག་ཤིག་ངང་འདེབས་འཛུགས་དཔུང་ཁག་ནང་དུ་ཞུགས་ཡོད། དེ་ནས་ཧན་མིང་ཚའེ་ཡིས 2021ལོར་འབྲུག་ཆུ་རྫོང་ཆབ་འོག་ཤང་ཅའོ་ཆའོ་ཧུང་ཁང་འདེབས་འཛུགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕོ་སུལ་ཤ་མོའི་ཐོན་ལས་འཕེལ་རྒྱས་བཏང་།
ཆབ་འོག་ཤང་གིས“ཁོངས་ཡོངས་སུ་ཏང་འཛུགས་སྐྱོང”ཁྲིད་སྟོན་དུ་བྱས་ཏེ་གནས་བབ་དང་བསྟུན་ནས་སྡེ་བ་ཁག་ལ་ཞིང་སྡེ་དར་རྒྱས་གཏོང་བའི་འཆར་འགོད་བཟོས་ཏེ། དབུལ་སྐྱོར་ཐོན་ལས་ལས་གཞིའི་མ་དངུལ་དང་ཤང་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་གཞི་རིམ་ཏང་ཀྲི་པུའུ་ཡི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་འདེབས་འཛུགས་ཁྱིམ་ཆེན་དང་མང་ཚོགས་ཞུགས་ར་སྐུལ་སློང་བྱས་ནས“སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། ཀྲི་པུའུ་ཡིས་གཙོ་ཁྲིད་བྱེད་པ། མང་ཚོགས་དེའི་ཁྲོད་དུ་ཞུགས་པ་བཅས”ཀྱི་ཐོན་ལས་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|