中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསྒྲུབས་རྒྱོ་གྲོང་རྡལ་ཡར་རྫ་སྡེ་བའི་ཁོར་ཡུག་ཇེ་བཟང་དུ་སོང་ནས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་གྱུར་པ།
དུས་ཚོད།2022-04-27 19:14:31     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ལིན་ཐན་རྫོང་བསྒྲུབས་རྒྱོ་གྲོང་རྡལ་ཡར་རྫ་སྡེ་བར་སྐྱོད་སྐབས་འགྲོ་ལམ་གཙང་ལ་གྲལ་དག་པ་དང་སྲང་ལམ་དང་སྡོད་གནས་གོ་རིམ་ལྡན་ལ་གྲལ་འགྲིག་པ་མ་ཟད། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ནས་ཡོད།
    “ཉེ་བའི་ལོ་གཉིས་རིང་ནས་ང་ཚོའི་སྡེ་བའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད་ལ། སྲང་ལམ་ཆེ་ཆུང་ཚང་མ་བལྟས་ན་མིག་ལ་མཛེས་པ་མ་ཟད། སེམས་ལ་བདེ་སྐྱིད་སྟེར་སྲིད”ཅེས་སྡེ་མི་ཞིག་གིས་བཤད།
    ད་ལོ་ནས་བཟུང་། བསྒྲུབས་རྒྱོ་གྲོང་རྡལ་གྱིས“གནོད་མེད་ལྔའི་ཀན་ལྷོ”དང“བཅུ་ཡོད་གཞིས་ཁྱིམ”གཏོད་པའི་བྱ་སྤྱོད་དེ་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། སྤུས་ཚད་མཐོ་ཞིང་མཛེས་སྡུག་ལྡན་ལ་གནས་སྡོད་ལ་འཚམ་པའི་ཞིང་སྡེ་འཛུགས་སྐྲུན་བྱ་རྒྱུ་དམིགས་འབེན་དུ་བཟུང་བ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་གི་གཙང་སྦྲ་ཞན་ས་དང་གནད་འགག་གི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། “སྦགས་བཙོག་གཙང་སེལ་དང་། ཟང་ཟིང་སྒྲིག་བཅོས སྒྲིག་འགལ་གཏོར་བ། སྔོ་ལྗང་འཛུགས་པ”བཅས་གཙོ་གནད་དུ་བཟུང་སྟེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་སྒྲིག་བཅོས་དང་རིམ་སྤོར་གྱི་ཆེད་དོན་འགུལ་བསྐྱོད་མུ་མཐུད་སྤེལ་ནས་ཞིང་ཁྱིམ་གྱི་ཁང་བའི་མདུན་རྒྱབ་གཙང་མ་དང་། སྡེ་བའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་བཏང་ནས་ཞིང་སྡེའི“ངོ་སོ”དེ་ལས་མཐོ་བ་དང་མིའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་ཀྱི་གྲུབ་འབྲས་དེ་དངོས་གནས་དམངས་ཕན་གྲུབ་འབྲས་སུ་གྱུར་ཡོད།      གྲོང་ཁྱེར་ནང་གི་སྡེ་བ་དང་གྲོང་ཁྱེར་དང་གྲོང་རྡལ་འདྲེས་མཚམས་ཀྱི་བཙོག་ཆུ་བཞུར་ལམ་དང་། བསྡུ་རུབ། མདོང་ལམ་དོ་དམ་བཅས་ལ་སྐུལ་འདེད་བཏང་ནས། ཆར་བ་དང་བཙོག་ཆུ་ཁག་བགོས་སྒྱུར་བཀོད་མགྱོགས་སུ་བཏང་བ་དང་། བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་བཙོག་ཆུ་ཚང་མ་འཚོལ་བསྡུ་དང་ཁྱོན་ཡོངས་ནས་གཙང་འབུད་ཐུབ་པར་བརྩོན་ལེན་བྱས་ནས་བཙོག་ཆུ་ཐད་ཀར་ཕྱིར་འབུད་པའི་སྣང་ཚུལ་མེད་པར་བཟོས།
    “ད་ལྟ་ཁོར་ཡུག་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་དེ་ལས་བདེ་སྐྱིད་ལྡན་པར་གྱུར་ཡོད། ང་ཚོའི་སྡེ་བའི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཞིང་། ཞིང་སྡེ་ནི་མང་ཚོགས་དགའ་སའི་རྣམ་པ་ཞིག་ཏུ་དངོས་གནས་འཛུགས་སྐྲུན་བྱས་ཡོད”ཅེས་བསྒྲུབས་རྒྱོ་གྲོང་རྡལ་ཡར་རྫ་སྡེ་བའི་ཆེད་བསྐོས་ཧྲུའུ་ཅི་རེན་ཧའེ་ལིན་གྱིས་བཤད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།