中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཆེས་མཛེས་པའི་ཐེ་བོ་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོ་ལག་ལེན་གྱི་བྱ་འགུལ་སྤེལ་འགོ་བརྩམས་པ།
དུས་ཚོད།2022-05-11 19:19:58     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཐེ་བོ་རྫོང་གིས་གཞི་ཁྱོན་ཆེ་བའི་སྒོ་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་འབྲུག་དཀར་གཙང་བོའི་འབབ་རྒྱུད་བཅོས་སྐྱོང་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྒྲིག་བཅོས་ཆེན་མོ་དང་། གཞུང་ལམ་དང་ཆུ་ཁོངས་གཙང་སེལ་ཆེན་མོ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཆེན་མོ”བཅས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཆེས་མཛེས་པའི་ཐེ་བོ་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོ་ལག་ལེན་གྱི་བྱ་འགུལ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཆེས་མཛེས་པའི་མ་ཡུམ་ཆུ་བོ་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི“རྣམ་པ་ལེགས་པོ”མཉམ་སྐྲུན་བྱེད་པའི་བྱ་འགུལ་དུ་ཞུགས།
    རྫོང་ཡོངས་ཀྱི་སྡེ་ཁག 95ཡི་ལས་བྱེད་པ་དང་ལས་བཟོ་བ། ཤང་དང་གྲོང་རྡལ 11གི་ལས་བྱེད་པ་དང་མང་ཚོགས་བཅས་བསྡོམས་པས་མི 11000ལྷག་བརྗོད་དོན་གཙོ་བོ་ལག་ལེན་གྱི་བྱ་འགུལ་དུ་ཞུགས་ཏེ། ཚང་མས་ལྕགས་ཁེམ་དང་ཕྱགས་མ་སོགས་ལག་ཆ་འཁྱེར་ནས་ལུང་བ་དང་ཆུ་ཁོངས། སྡེ་བ་བཅས་སོ་སོའི་གཞུང་ལམ་གཙོ་བོའི་འགྲམ་རྒྱུད་ཀྱི་བེད་མེད་འཛུགས་སྐྲུན་དང་གད་སྙིགས་སོགས་ཁྱོན་ཡོངས་ནས་གཙང་སེལ་བྱས་ཤིང་། ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་མཐར་ཕྱིན་པ་བྱས་པས། སྔོ་ལྗང་གི་རི་ཀླུང་གཏན་དུ་གནས་པ་དང་། དྭངས་གཙང་གི་ཆུ་བོ་རྒྱུན་དུ་བཞུར་བ། ནམ་མཁའ་རྟག་ཏུ་སྔོ་བ། གཞིས་ཁྱིམ་སྔར་བས་གཙང་བ་བཅས་ཡོང་བར་བྱས།
    ཉེ་བའི་ལོ་འགའི་རིང་དུ། ཐེ་བོ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པ་དང་། “གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་དང་། “བཅུ་ཡོད་གཞིས་ཁྱིམ”གསར་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་འགན་འཁྲི་འཁུར་སེམས་ཆེན་པོས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་བརྟན་པོར་བཏང་བས། ཐེ་བོའི་རིགས་སོ་སོའི་མི་དམངས་ཀྱི་མི་རིགས་གཅིག་མཐུན་འདུས་གྲུབ་དང་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཀྱི་གཞིས་ཁྱིམ་འདུ་ཤེས་གང་ལེགས་མངོན་པར་བྱས་ཡོད་ལ། རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་ཕྱིན་པ་མངོན་འགྱུར་བྱུང་།
    ཐེངས་འདིའི་བྱ་འགུལ་ཁྲོད་བསྡོམས་པས་གཞུང་ལམ་འགྲམ་རྒྱུད་ཀྱི་གད་ངོས 60ལྷག་ཞིག་གསོ་ལྗང་བསྒྱུར་བྱས་པ་དང་། གཞུང་ལམ་གཡས་གཡོན་གྱི་ཆུ་ཡུར་སྤྱི་ལེ 20ལྷག་གཙང་སེལ་བྱས་པ། ར་སྐོར་དང་ལྕགས་ར་རྙིང་བ་སྨི 700ལྷག་བཤིག་པ། བྱེ་དོང་སྨི་གྲུ་བཞི་མ 1000ལྷག་ཉམས་གསོ་བྱས་པ་དང་། གང་འདོད་དུ་དངོས་པོ་སྤུང་གསོག་བྱེད་པའི་གནས 200ལྷག་གཙང་དག་བྱས་པ། སྡོང་ཕྲུག་རྐང 8000ལྷག་བཙུགས་པ། མེ་ཏོག་མུའུ 80ལྷག་བཏབ་པ། གང་འདོད་དུ་བརྡ་ཁྱབ་བྱང་བུ་སོགས་སྦྱར་ཡོད་པའི་གནས 50ལྷག་གཙང་སེལ་བྱས་ཤིང་། གང་འདོད་དུ་འཛུགས་སྐྲུན་བྱས་ཡོད་པའི་གནས 5ཡི་སྨི་གྲུ་བཞི་མ 150ལྷག་བཤིག ཆུ་ལམ་སྨི་རྒྱ་དཔངས་གྲུ་བཞི་མ 3000ལྷག་གཙང་སེལ་བྱས།།
རྩོམ་སྒྲིག་པ། པདྨ་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།