༄༅།། མཛོད་དགེ་སྟོད་མ་ཤང་གིས་ཧུར་ཐག་སྒོས་ཁོར་ཡུག“མཛེས་བཟོ་བ” བྱས་པ་དང་རིམས་འགོག“འཕྲོད་བསྟེན་ཐིག”མཉམ་སྐྲུན་བྱས་པ། - སྤྱི་ཚོགས། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། མཛོད་དགེ་སྟོད་མ་ཤང་གིས་ཧུར་ཐག་སྒོས་ཁོར་ཡུག“མཛེས་བཟོ་བ” བྱས་པ་དང་རིམས་འགོག“འཕྲོད་བསྟེན་ཐིག”མཉམ་སྐྲུན་བྱས་པ།
དུས་ཚོད།2022-05-11 19:23:07     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)  ཉིན་བསྟུད་མའི་རིང་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པ་རྒྱུན་ཆད་མེད་པར་དམ་འཛིན་ལེགས་པོ་བྱེད་པ་དང་ཆབས་ཅིག་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཁྱོན་ཡོངས་ནས་སྤེལ་ཏེ། ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་རྒྱུན་རྣམ་ཅན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་ཟུང་འབྲེལ་དམ་ཟབ་བྱས་པས་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཆེན་མོའི་ཚ་རླབས་ཤིག་འཕྱུར་ཡོད།
    དྲིལ་བསྒྲགས་དང་སྐུལ་སློང་ལ་ཤུགས་བསྣན་ནས་རྣམ་པ་ལེགས་པོ་ཞིག་བསྐྲུན་པ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་སོགས་ཀྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་དྲིལ་བསྒྲགས་དང་སྐུལ་སློང་བྱས་ནས་སྡེ་མི་རྣམས་ཀྱིས་ཁྱིམ་ཚང་གཙང་སྦྲ་ཆེན་མོ་བྱེད་པར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་གཙང་ཞིང་གྲ་དག་པའི་ཁོར་ཡུག་ཅིག་བཏོད་པ་དང་། དུས་མཚུངས་སུ་མང་ཚོགས་ལ་འཕྲོད་བསྟེན་རྒྱུན་ཤེས་དྲིལ་བསྒྲགས་བྱས་ནས་རྒྱུན་ལྡན་གྱི་གཙང་སྦྲ་དང་བདེ་ཐང་རིམས་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ་སྡེ་མི་རྣམས་ལ་བཙོག་ཆུ་གང་འདོད་དུ་ཕྱིར་གཏོང་མི་བྱེད་པ་དང་། གད་སྙིགས་དང་ཁ་ལུད་གང་སར་མི་འཕེན་པ་སོགས་ཀྱི་འཚོ་བའི་གོམས་གཤིས་ལེགས་པོ་ཞིག་ཆགས་པར་ཁྲིད་སྟོན་བྱས།
    གོང་འོག་མཉམ་འགུལ་བྱེད་པར་ཤུགས་བསྣན་ནས་དམངས་ཡོངས་མཉམ་ཞུགས་བྱས་པ། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་སློབ་གྲྭའི་དགེ་སློབ། རོང་འབྲོག་པ་མང་ཚོགས་སོགས་སྐུལ་སློང་དང་རྩ་འཛུགས་བྱས་ནས་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་བྱ་འགུལ་དུ་ཞུགས་སུ་བཅུག་པས། མི་ཚང་མ་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་སུ་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་པོ་ཞིག་བཏོད་ཡོད།
    གཙོ་གནད་གནས་ཡུལ་ལ་དམིགས་ནས་མི་འདང་ས་དང་ཞན་སར་དོ་སྣང་བྱས་པ། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་ཆེད་དོན་སྒྲིག་བཅོས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། ནད་སྦྱོར་སྐྱེ་དངོས་ཀྱི་སྐྱེ་འཕེལ་ཁོར་ཡུག་མེད་པར་བཟོས་ནས་ནད་ཡམས་མཆེད་པ་འབྱུང་རྩ་ནས་སྔོན་འགོག་བྱས། འགོ་ནང་ཐང་ནས་གཙོས་བར་གྱི་གཞུང་ལམ་གྱི་འགྲམ་རྒྱུད་དང་ཤང་ཡོངས་ཀྱི་གཞུང་ལམ་སོ་སོ། མི་ཚོགས་འདུ་སའི་གནས་བཅས་ལ་ཁྱོན་ཡོངས་ནས་གཙང་སྦྲ་བྱས་པ་མ་ཟད། དུས་མཚུངས་སུ“སྒོ་མདུན་གྱི་འགན་ལེན་གསུམ”གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་རང་འགུལ་གྱིས་ཁོར་ཡུག་གཙང་སྦྲ་བྱེད་པར་སྐུལ་ཁྲིད་བྱས།།
རྩོམ་སྒྲིག་པ། པདྨ་འཚོ། 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།