中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཡུན་བོད་ལྕགས་ལམ་གྱི་དུས་འགོའི་ལས་དོན་སྤེལ་བའི་གོམ་པ་ཇེ་མགྱོགས་སུ་བཏང་བ།
དུས་ཚོད།2016-09-28 19:11:52     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།     ཆུང་། | འབྲིང་། | ཆེ།
   ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྕགས་ལམ་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཡུན་བོད་ལྕགས་ལམ་རྒྱལ་ཁབ་ཀྱི《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད》ནང་བཅུག་ཟིན་པ་དང་། ད་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་དང་ཡུན་ནན་བདེ་ཆེན་ཁུལ་སྲིད་གཞུང་གིས་ཐུན་མོང་ཐོག་ཀྲུང་གོ་ལྕགས་ལམ་ཁང་གཉིས་བར་འཆར་འགོད་དང་ཞིབ་འཇུག་བྱ་རྒྱུའི་མངགས་བཅོལ་བྱས་ས་དང་འབྲེལ《གསར་དུ་བསྐྲུན་རྩིས་ཡོད་པའི་ཡུན་བོད་ལྕགས་ལམ་སེམས་ཀྱི་ཉི་ཟླ་ནས་སྤང་མདའ་བར་གྱི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ》བསྐྱལ་བ་དང་། ཟླ་བ་དྲུག་པའི་ཟླ་མཇུག་ཏུ་ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཀུང་སིར་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་ལ་མངགས་བཅོལ་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བསྐྲུན་རྩིས་ཡོད་པའི་ཡུན་བོད་ལྕགས་ལམ་བདེ་ཆེན་ནས་སྤང་མདའ་བར་གྱི་ལམ་ཐིག་དེ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ནས་ཡུན་ནན་ཞིང་ཆེན་བདེ་ཆེན་བརྒྱུད་དེ་བོད་དུ་བཟོ་རྒྱུ་ཡིན་ཞིང་། དེ་ཡང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བརྒྱུད་རྗེས་བྱང་ངོས་ཀྱི་གཡུ་ཆུར་དཀྱོག་རྒྱུ་ཡིན་ཞིང་། ཡང་དེ་ནས་མཛོ་སྒང་རྫོང་བརྒྱུད་དེ་བྱང་གི་སྤང་མདའ་གྲོང་རྡལ་བར་བཟོས་ནས་སྐྲུན་རྩིས་ཡོད་པའི་ཁྲོན་བོད་ལྕགས་ལམ་དང་མཐུད་རྒྱུ་ཡིན། བསྐྲུན་རྩིས་ཡོད་པའི་ཡུན་བོད་ལྕགས་ལམ་ནི་རིམ་པ་དང་བོའི་ཁེར་རྐྱང་ལམ་ཐིག་ཡིན་པས་རིང་ཚད་ལ་སྤྱི་ལེ415ཡོད་པ་དེའི་ནང་བོད་ཀྱི་ས་ཁོངས་སུ་སྤྱི་ལེ265ཡོད། རྣམ་གྲངས་དེར་ཚོད་རྩིས་བྱས་ན། ཁྱོན་མ་དངུལ་སྒོར་དུང་ཕྱུར436གཏོང་རྒྱུ་ཡིན་པ་དང་བོད་ཀྱི་ས་ཁོངས་ལམ་དུམ་ལ་སྒོར་དུང་ཕྱུར278གཏོང་རྒྱུ་ཡིན། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།