中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འཚོ་བའི་ཁྲོད་ཀྱི“འདག་རྫས”གསར་པ།
དུས་ཚོད།2016-10-29 09:19:46     རྩོམ་གྱི་ཡོང་ཁུངས། བོད་ལྗོངས་ཚགས་པར་ཁང་།    ཆུང་། | འབྲིང་། | ཆེ།
མི་རྣམས་རྣམ་ཀུན་འཚོ་བའི་ནང་རྫས་འགྱུར་གྱི་འདག་རྫས་མང་པོ་བེད་སྤྱོད་བྱེད་དགོས་ཀྱི་ཡོད། ཡིན་ནའང་རྫས་འགྱུར་རིགས་ཀྱི་འདག་རྫས་སྤྱོད་མང་ན་བདེ་ཐང་ལ་གནོད་པ་ཡོད། གལ་ཏེ་ཐབས་ཤེས་དེ་དག་སྤྱད་ན་འདག་ནུས་ཆེ་ལ་ལུས་ལ་གནོད་པ་མེད།
ཟངས་ཆས་ཀྱི་དྲེག་པ་གཙང་སེལ་བྱེད་ཐབས། ཟངས་ཆས་ལ་གཡའ་དང་དྲེག་པ་འཁོར་ན། ཚུའུ་ཕོར་པ་ཕྱེད་ཀ་ལྷག་ཙམ་དང་གྲོ་ཞིབ་ཕོར་པ་ཕྱེད་ཀ་ལྷག་ཙམ་འདྲེས་སྦྱོར་བྱས་ཏེ་སྐྱོ་མ་བཟོས་རྗེས། ཚྭ་ཕོར་པ་ཕྱེད་ཀ་དེའི་ནང་བླུགས་ནས་མུ་མཐུད་དཀྲུག་དཀྲུག་གཏོང་དགོས། དེ་ནས་སྐྱོ་མ་དེ་ཟངས་ཆས་ཀྱི་དྲེག་པར་བྱུགས་ཏེ་ཆུ་ཚོད་ཁ་ཤས་བཞག་རྗེས། ཟངས་ཆས་ལ་འབྱར་བའི་གྲོ་ཞིབ་གཙང་སེལ་བྱས་ན་འགྲིག
གོས་ཀྱི་སྣུམ་དྲེག་གཙང་སེལ་བྱེད་ཐབས། གོས་ལ་སྣུམ་དྲེག་ཕོག་ན་སྔོན་ལ་འདག་གཤེར་བྱུགས་ནས་འཕུར་མཉེད་བཏང་རྗེས། སྐར་མ་20ཙམ་བཞག་པ་དང་། དེ་ནས་སུའུ་ཏྲ་ཏོག་ཙམ་བྱུགས་ནས་སྐར་མ་30ཙམ་བཞག་རྗེས་ཆུ་བཤལ་བཏང་ན་གཙང་མ་ཡོང་།
ཁྲོ་ཡི་ཐབ་ཆས་གཙང་སེལ་བྱེད་ཐབས། ཁྲོ་ཡི་ཐབ་ཆས་གཙང་མ་ཡོང་བ་བྱེད་དགོས་ན། ཚྭ་འགྱིག་སོབ་ལ་བྱུགས་ནས་ཁྲོ་ཡི་ངོས་ལ་ཤུགས་ཀྱིས་འཕུར་ན་གཙང་འདག་ཡོང་།
ཆབ་གཞོང་གཙང་སེལ་བྱེད་ཐབས།  ཤེལ་དམ་ཆུང་ཆུང་ཞིག་ཏུ་ཚུའུ་གང་བླུགས་པ་དང་ཤེལ་དམ་གྱི་ཁེབས་གཅོད་ལ་ཁུང་བུ་ཆུང་ཆུང་འགའ་བརྟོལ་ནས་ཁེབས་གཅོད་བརྒྱབ་སྟེ་ཤེལ་དམ་མགོ་རྟིང་བསློགས་ནས་ཆབ་གཞོང་གི་ཆུ་གཞོང་དུ་བླུགས་ན། ཆབ་གཞོང་ཆུ་བཤལ་གཏོང་རིམ་བཞིན་ཚུའུ་ཆུ་དང་འདྲེས་ནས་གཙང་སེལ་གྱི་ནུས་པ་ཐོན་གྱི་ཡོད། གལ་ཏེ་ཤེལ་དམ་ཆུང་ཆུང་མེད་ན་འགྱིག་དམ་ཆུང་ཆུང་བེད་སྤྱད་ནའང་འགྲིག
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།