中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཤང་ཀང་གི་གྲོང་མི་ཁྲི་བཞི་ལྷག་ཙམ་འདུས་ཏེ“ཤང་ཀང་རང་བཙན”ལ་ངོ་རྒོལ་བྱས་ནས་ཁྲིམས་སྐྱོར་བྱས།
དུས་ཚོད།2016-11-16 15:22:02     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།    ཆུང་། | འབྲིང་། | ཆེ།
    ཟླ11ཚེས13ཉིན་གྱི་ཕྱི་དྲོར། ཤང་ཀང་གི་ཚོགས་པ་སྟོང་ཕྲག་དང་མི་གྲངས་ཁྲི4ལས་བརྒལ་བ་ཁྲིམས་འཛུགས་ཁང་གི་ཕྱི་དང་ཉེ་འགྲམ་གྱི་ཐེན་མཱ་སྤྱི་གླིང་དུ་འདུས་ཏེ། “ཤང་ཀང་རང་བཙན”ལ་ངོ་རྒོལ་བྱེད་པ་མ་ཟད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཤང་ཀང་གི་གཞི་རྩའི་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཞིའི་གསལ་འགྲེལ་གནང་བར་ཤང་ཀང་གི་གྲོང་མིས་རྒྱབ་སྐྱོར་བྱེད་ཚུལ་མཚོན་པ་རེད། 
    འདུ་ཚོགས་དེ་ཕྱི་དྲོའི་ཆུ་ཚོད4བར་དངོས་སུ་འགོ་བརྩམས་པ་དང་། འདུ་ཚོགས་སུ་ཞུགས་མཁན་གྲོང་མི་ཚོས་སྐར་ལྔའི་དར་དམར་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་མཐོན་པོར་བསྒྲེངས་ནས་ཐེན་མཱ་སྤྱི་གླིང་ཆེན་པོ་དེར་དམར་མདངས་ཕྱུངས་བར་བྱས། ཡུལ་དངོས་སུ《སྤྱི་ལེ་ཁྲིའི་ལྕགས་རི་རིང་བོ་ནམ་ཡང་ཞིག་མི་སྲིད》སོགས་རྒྱལ་གཅེས་གླུ་དབྱངས་ལེན་མཁན་ཡང་ཡོད་པས་དགའ་སྤྲོའི་སྐད་སྒྲ་འུར་འུར་དུ་བསྒྲགས།
   གྲོང་མི་ཁྲི་འགས“ཤང་ཀང་རང་བཙན་ལ་ངོ་རྒོལ། ཁྲིམས་ཡིག་གསལ་འགྲེལ་ལ་རྒྱབ་སྐྱོར”ཞེས་བསྒྲགས་པ་དང“མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལུགས་གསལ་འབྲེལ་གནང་བ་ནི་རྒྱལ་ཁབ་དང་ཤང་ཀང་གི་ཆེད་དུ་རེད།”  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་འཛིན་སྲུང་སྐྱོབ་བྱེད། རྒྱལ་ཁབ་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད།”  “ཤང་ཀང་རང་བཙན་བྱེད་མཁན་མཐར་རུ་སྤྲོད།”  “ཁ་བྲལ་སུན་འབྱིན་དང་། ཁྲིམས་སྐྱོང་སྲུང་སྐྱོང་བྱེད”སོགས་པའི་ཡིག་བྱང་འཁྱེར་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།